
དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་ཚེས10ཉིན་བསྟན་དོན། ཨ་རིས་སྔ་མོ་ནས་དབྱི་ལང་གི་དམག་འཁྲུག་ཁྲོད་དུ་དམིགས་ཡུལ་གང་ཡང་མངོན་འགྱུར་བྱུང་མེད་ལ་བྱུང་ཡང་མི་ཐུབ་པ་ངོས་ཟིན་བྱེད་འོས། དམག་འཁྲུག་དེ་དམག་དོན་གྱི་བྱེད་ཐབས་ལ་བརྟེན་ནས་མཇུག་བསྒྲིལ་མི་སྲིད་ལ། བཀག་སྡོམ་ལ་ཤུགས་བསྣན་པར་བརྟེན་ནས་ཀྱང་མཇུག་བསྒྲིལ་མི་སྲིད། ཐག་གཅོད་བྱེད་ཐབས་གཅིག་པུ་ནི་ཕྱི་འབྲེལ་གྱི་བྱེད་ཐབས་སྤྱོད་པ་དང་འབྲེལ་དབྱི་ལང་གིས་བཏོན་པའི་བླང་བྱ་དང་ཆ་རྐྱེན་ལག་བསྟར་བྱ་རྒྱུ་དེ་རེད། ཉིན་དེར། ཨ་རིའི་རྒྱལ་སྲིད་བློན་ཆེན་ལུའུ་པི་ཨོ་ཡིས་བཤད་རྒྱུར། ཨ་རིའི་དཔལ་འབྱོར་བཀག་སྡོམ་དང་བཀག་སྡོམ་བྱེད་ཐབས་ལ་ཕན་འབྲས་མངོན་གསལ་ཐོན་པས། དབྱི་ལང་དུ་གཞི་ཁྱོན་ཆེ་བའི་དམག་འཐབ་འགུལ་སྐྱོད་སྤེལ་དགོས་དོན་མེད།