
དབྱི་ལང་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཚེས9ཉིན། དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ་ཧ་མེ་ནེ་དབྱི་ཡིས་མིག་སྔར་ཨ་རི་དང་དམག་འཐབ་མིན་ལ་འགྲིག་ཐབས་ཀྱང་མི་བྱེད་པའི་རྣམ་པ་མཇུག་སྒྲིལ་དགོས་པའི་བླང་བྱ་བཏོན་ཡོད་པ་བསྟན། དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅ་ཨའེ་ཡིས་ཀྱང་ཉིན་དེར་དབྱི་ལང་གིས་བཏོན་པའི་ཉིན་གཉིས་ཀྱི་འཆར་གཞི་སྔར་བཞིན་ནུས་ལྡན་ཡིན། གལ་ཏེ་ཨ་རིས་དབྱི་ལང་གིས་བཏོན་པའི་བླང་བྱ་དོན་འཁྱོལ་བྱས་ན། ཉིན་གཉིས་ཀྱི་ནང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་བཟང་པོ་འབྱུང་བར་ཆ་རྐྱེན་བསྐྲུན་ཐུབ་ཅེས་བསྟན།
ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས9ཉིན་ཁ་ཐར་གྱི་དབུ་བཞུགས་བློན་ཆེན། ཕྱི་འབྲེལ་བློན་ཆེན་མུའུ་ཧན་མོ་ཏེ་དང་གྲོས་མོལ་བྱས་རྗེས་བསྟན་དོན། དམག་དོན་ཐད་ནས་བཤད་ན། དབྱི་ལང་གི་དམག་འཁྲུག་ད་ལྟ་དོན་དངོས་སུ་མཇུག་བསྒྲིལ་ཟིན་ཟེར། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཀྱིས་ད་ལྟའི་གནས་ཚུལ་རང་འཇགས་སུ་འཇོག་པ་སྟེ། མུ་མཐུད་དུ་དབྱི་ལང་ལ་མཚོ་ཐོག་དང་སྐམ་ས་ཆེན་པོའི་བཀག་སྡོམ་ལག་བསྟར་བྱེད་འདོད་པ་རེད་ཅེས་ཟེར།