དྲག་ཆར་བབས་ནས་ཅ་ཧྲའི་སྦྲ་གུར་ཁྲི་བདུན་བསྣུབས་སྟེ་མི་ཆོས་ཉམས་ཉེན་ཆེན་པོ་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་སྲིད་གཞུང་སྨྱན་སྦྱོར་གཞུང་སྒྲུབ་ཁང་གིས་ཚེས7ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   ཅཱ་ཧྲ་ས་ཁུལ་དུ་ཉིན་དེར་དྲག་ཆར་བབས་ཏེ་ཞོད་སྐྱོན་བྱུང་ནས།    སྦྲ་གུར་ཁྲི་བདུན་ཙམ་ཆུས་བསྣུབས་ཏེ།   འགྲོ་སའི་ཡུལ་མེད་པར་གྱུར་བའི་ས་གནས་མང་ཚོགས་ཁྲི་ལྷག་གི་འཚོ་བ་སྔར་ལས་ཇེ་སྡུག་ཏུ་གྱུར།   གནམ་གཤིས་ངན་པའི་ཤུགས་རྐྱེན་འོག   ས་གནས་དེར་ད་དུང་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་པའི་དབང་གིས་བཟོ་སྐྲུན་རྡིབ་པའི་དོན་རྐྱེན་བྱུང་།

ཕ་ལེ་སི་ཐན་གྱི་སྲིད་འཛིན་བཞུགས་ཤག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས།     དབྱི་སི་རལ་གྱི་རྒྱུན་མཐུད་འཇབ་རྒོལ་དང་རོགས་སྐྱོར་དངོས་ཟོག་ནང་འདྲེན་བྱེད་པར་བཀག་འགོག་བྱེད་པ་སོགས་ཀྱི་བྱ་སྤྱོད་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་བཏང་བར་རྒོལ་གཏམ་བཏང་བ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་ཁ་གཏད་འཇལ་ཐབས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།