ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུ་ཡིས་ཝུའུ་ཁོ་ལན་དུ་ཕྱི་རྒྱལ་གྱི་དམག་དཔུང་བཀོད་སྒྲིག་བྱེད་པར་དང་ལེན་གཏན་ནས་མི་བྱེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཚེས7ཉིན་བསྐྱར་བསྒྲགས་བྱས་དོན། ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱེད་པའི“འདོད་བློའི་མནའ་འབྲེལ”རྒྱལ་ཁབ་མང་པོའི་དམག་དཔུང་གིས་སྤེལ་ལ་ཡོད་པའི་དམག་དོན་སྦྱོང་བརྡར་གནས་བབ་བབ་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཨུ་རུ་སུ་ཡིས་ཝུའུ་ཁོ་ལན་དུ་ཕྱི་རྒྱལ་གྱི་དམག་དཔུང་བཀོད་སྒྲིག་བྱས་པ་དང་ལེན་གཏན་ནས་བྱེད་མི་སྲིད། ཝུའུ་ཁོ་ལན་མངའ་ཁོངས་སུ་བཅའ་སྡོད་བྱས་པའི་དམག་དཔུང་གང་ཡིན་ཡང་ཚང་མ་ཨུ་རུ་སུའི་དམག་དཔུང་གིས་ཁྲིམས་མཐུན་ངང་རྡུང་རྡེག་གཏོང་སའི་དམིགས་འབེན་ཡིན་ཟེར།

དབྱིན་ཇི་དང་ཧྥ་རན་སི་ཡིས་ཉེ་ཆར་གསལ་བསྒྲགས་སྤེལ་ཏེ། “འདོད་བློའི་མནའ་འབྲེལ”རྒྱལ་ཁབ་མང་པོའི་དམག་དཔུང་གིས་ཟླ་འདིའི་ཚེས9ནས22ཉིན་བར་ཕོ་ལན་དུ་དམག་སྦྱོང་ཐོག་མ་སྤེལ་ནས། ཝུའུ་ཁོ་ལན་དང་ཨུ་རུ་སུ་ཡིས་ཞི་བདེའི་གྲོས་མཐུན་བཞག་རྗེས་ཝུའུ་ཁོ་ལན་དུ་དམག་དཔུང་བཀོད་སྒྲིག་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།