
དབྱི་སི་རལ་སྲིད་འཛིན་གྱི་མགྲིན་ཚབ་པས་ཚེས7ཉིན་བཤད་རྒྱུར། དབྱི་སི་རལ་གྱི་སྲིད་འཛིན་ཧི་འར་ཙུའོ་ཀི་ཡིས་ངོ་རྒོལ་ཏང་དང་དྲང་བདེན་ཏང་གི་འགོ་ཁྲིད་པ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་ཇུས་འདོན་དམག་དཔོན་ཟུར་པ་ཨའེ་སེན་ཁོ་ཐི་ཡིས་སྲིད་གཞུང་གསར་པ་འཛུགས་རྒྱུའི་དབང་ཆ་སྤྲོད་རྒྱུ་ཡིན་ཞིང་། དེ་སྔོན། དབྱི་སི་རལ་གྱི་གྲོས་ཁང་གི་གྲོས་མིའི་གདན་ཐོབ67ཡོད་པའི་སྲིད་ཏང་སོ་སོའི་འཐུས་མིས་ཨའེ་སེན་ཁོ་ཐི་ཡིས་སྲིད་གཞུང་གསར་པ་འཛུགས་རྒྱུའི་འོས་སྦྱོར་བྱས། ལི་ཁུའུ་ཏི་སྡེ་ཚོགས་ལ་འགོ་ཁྲིད་བྱེད་པའི་ད་ལྟའི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ཐོབ་པའི་སྲིད་ཏང་སོ་སོའི་རྒྱབ་སྐྱོར་གྱི་གདན་ཐོབ46ཡོད་པ་རེད།