རྒྱལ་སྤྱིའི་ནུས་ཁུངས་ཧྲུའུ་ཡིས་དགུན་དུས་སུ་ཡོ་རོབ་མནའ་འབྲེལ་ལ་རང་བྱུང་སོལ་རླངས་གསོག་འཇོག་འདང་ངེས་མེད་ཅེས་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས3ཉིན། རྒྱལ་སྤྱིའི་ནུས་ཁུངས་ཧྲུའུ་ཡིས་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། དགུན་ཁ་སླེབས་ལ་ཉེ་བ་དང་། ཟླ10པའི་ཟླ་མཇུག་ཚུན་ལ། ཡོ་རོབ་མནའ་འབྲེལ་གྱི་རང་བྱུང་སོལ་རླངས་གསོག་ཉར་སྒྲིག་བཀོད་ཀྱི་སོལ་རླངས་གསོག་ཚད་སྤྱིའི་ཤོང་ཚད་ཀྱི75%ཟིན་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི80%ཡི་དམིགས་འབེན་དམའ་ཤོས་ལས་མངོན་གསལ་གྱིས་དམའ་བར་གནས་ཤིང་། སོལ་རླངས་གསོག་ཚད2013ལོའི་ཚུན་གྱི་ཆུ་ཚད་དམའ་ཤོས་ཡིན། འདིས་དགུན་དུས་ཀྱི་རང་བྱུང་སོལ་རླངས་ཀྱི་རིན་གོང་འཕར་བར་ཤུགས་རྐྱེན་ཐེབས་སྲིད་ཅེས་བསྟན། ཉེ་ཆར། ཡོ་རོབ་རང་བྱུང་སོལ་རླངས་ཀྱི་རིན་གོང་ཚད་གཞི་ཡིན་པའི་ཧོ་ལན་བདག་དབང་བརྒྱུད་བཤུག་ལྟེ་གནས(TTF)ཀྱི་རང་བྱུང་སོལ་རླངས་ཀྱི་ཟླ11པའི་དུས་བཅད་ཚོང་ཟོག་གི་རིན་གོང་ཆུ་ཚོད་རེའི་ཀྲའོ་ཝ་ལ་ཡོ་སྒོར100ལས་བརྒལ་ནས། 2022ལོའི་ཟླ12པ་ནས་བཟུང་ཐེངས་དང་པོ་ཡིན། ཨུ་རུ་སུ་དང་ཝུའུ་ཁོ་ལིན་བར་གྱི་གདོང་ཐུག་བྱུང་རྗེས། ཡོ་རོབ་ཀྱིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་ཚད་ཆེས་ཆེར་ཇེ་ཉུང་དུ་བཏང་བ་དང་། དབྱི་ལང་དམག་འཁྲུག་གིས་ཀྱང་དབུས་ཤར་གྱི་རང་བྱུང་སོལ་རླངས་མཁོ་སྤྲོད་ལ་ཤུགས་རྐྱེན་ཐེབས་ཡོད།