དབྱི་ལིང་དབྱི་སི་ལན་གསར་བརྗེ་སྲུང་དམག་གིས་ཚད་མཐོ་བའི་དམག་འཐབ་ལ་གྲ་སྒྲིག་བྱས་ཡོད་ཟེར།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་གིས་ཚེས་གསུམ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིས་དྲག་སྤྱོད་ལ་བརྟེན་ནས་དབྱི་ལང་ལ་དགྲར་འཛིན་གྱི་རྣམ་འགྱུར་བཟུང་ཡོད་ལ། དབྱི་ལང་གིས་སྔ་མོ་ནས་ཚད་མཐོ་བའི་དམག་འཐབ་ཀྱི་གྲ་སྒྲིག་བྱས་ཏེ། དགྲ་བོའི་ཕྱོགས་ཀྱི་དམིགས་འབེན་ཁག་གསར་སྒྱུར་བྱས་ནས། རིམ་པ་དང་རིགས་གང་རུང་གི་འཇིགས་སྐུལ་ལ་འཕྲལ་དུ་ཁ་གཏད་འཇལ་རྒྱུ་ཞེས་བཤད། 

ཁ་ཐར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས3ཉིན། ཁ་ཐར་འདུམ་འགྲིག་ཚོགས་པས་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་གྱི་འཚམས་འདྲི་མཇུག་རྫོགས་ནས་ཕྱིར་ཏོ་ཧྭ་རུ་འབྱོར་ཡོད། མིག་སྔར་ཨ་རི་དང་དབྱི་ལང་ཕྱོགས་གཉིས་ཀྱིས་ཁ་ཐར་ཕྱོགས་ཀྱིས་བཏོན་པའི་གྲོས་གཞི་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པར་བསྟན།