
ཨ་རིའི་དུས་དཀྱིལ་འདེམས་བསྐོའི་འདེམས་ཤོག་འཕེན་པའི་བྱ་བ་ཚེས་གསུམ་ཉིན་མཇུག་སྒྲིལ་བ་དང་མཉམ་དུ་འདེམས་ཤོག་རྩིས་རྒྱག་འགོ་ཚུགས་པ་རེད། ཨ་རིའི་སྨྱན་སྦྱོར་མང་པོ་ཞིག་གིས་ཐོག་མའི་འདེམས་ཤོག་གི་མཇུག་འབྲས་ལ་གཞིགས་ནས་སྔོན་དཔག་བྱས་པ་ལྟར་ན། དམངས་གཙོ་ཏང་ལ་ས་ཁུལ་མང་པོ་ནས་འདེམ་ཤོག་མང་པོ་ཐོབ་སྟེ། ཡང་བསྐྱར་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ལ་ཚོད་འཛིན་བྱེད་པའི་རེ་བ་ཡོད། སྨྱན་སྦྱོར་གྱིས་བསྟན་དོན། གྲོས་ཁང་གོང་མའི་གོ་གནས100ཡི་ནང་དམངས་གཙོ་ཏང་ལ་མ་མཐའ་ཡང་གོ་གནས54ཐོབ་པ་དང་། གྲོས་ཁང་འོག་མའི་གོ་གནས435ཡི་ནང་དུའང་དམངས་གཙོ་ཏང་ལ་གོ་གནས་ཕྱེད་ཀའི་ཡན་ཐོབ་ཡོད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཉིན་དེར་སྨྱན་བྱེད་ལས་བསྟན་དོན། འདེམས་བསྐོ་དང་ལེན་ཞུས་ནས་དམངས་གཙོ་ཏང་དང་མཉམ་ལས་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད།