ཡོ་རོབ་མནའ་འབྲེལ་གྱིས་རྒྱལ་ཁབ་མང་པོའི་འགྲུལ་སྐྱེལ་གནམ་གྲུར་འབར་མདེལ་གྱི་འཇིགས་སྐུལ་ཐེབས་པའི་དོན་རྐྱེན་ལ་དོ་ཁུར་བྱེད་བཞིན་ཡོད།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།
ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་འགྲུལ་སྐྱེལ་གནམ་གྲུར་འབར་མདེལ་གྱི་འཇིགས་སྐུལ་ཐེབས་པའི་གནས་ཚུལ་ཐད།  ཚེས3ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བསྟན་དོན།  ཡོ་རོབ་མནའ་འབྲེལ་གྱིས་གནས་ཚུལ་གྱི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད་ཤུགས་རྐྱེན་ཐེབས་པའི་ཁོངས་ཞུགས་རྒྱལ་ཁབ་དང་འབྲེལ་བ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཡོ་རོབ་མནའ་འབྲེལ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱང་འབྲེལ་ཡོད་བྱ་བའི་ཁྲོད་ཞུགས་ཡོད།

ཚེས3ཉིན། མགྲིན་ཚབ་པ་འདིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་སྦྲག་ཡིག་ལ་ལན་བཏབ་བའི་ནང་བཤད་རྒྱུར།  མི་སེར་ལ་དམིགས་པའི་འཇིགས་སྐུལ་གང་ཞིག་ཡིན་རུང་དང་ལེན་བྱེད་ཐབས་མེད་ལ་དམངས་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སྔོན་ལ་འཇོག་དགོས་པའི་བྱ་བ་ཞིག་ཡིན་ཟེར།

པོ་ལན་དང་། སི་ཕེན། པའོ་ཅ་ལི་ཡ། དབྱི་ཐ་ལི་བཅས་ཀྱིས་ཚེས3ཉིན། སྔ་རྗེས་སུ་འགྲུལ་སྐྱེལ་གནམ་གྲུར་འབར་མདེལ་གྱི་འཇིགས་སྐུལ་ཐེབས་པའི་སྙན་ཞུ་སྤེལ་བ་དང་།   དེ་གནམ་གྲུ་བདུན་དང་འབྲེལ་བ་ཡོད་ཅིང་གནམ་གྲུ་འཕུར་ཐེངས་སྐོར་ཞིག་གནམ་གྲུ་འབབ་ཐང་གཞན་དུ་འབབ་པ་དང་།  གནམ་གྲུ་ཐང་གནས་སྐབས་སུ་སྒོ་བརྒྱབ།  མིག་སྔར་གནམ་གྲུ་མང་པོར་ཞིབ་བཤེར་བྱས་ཤིང་འབར་རྫས་ད་རུང་མ་རྙེད།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་བཤད་རྒྱུར།  རྒྱལ་ཁབ་སོ་སོས་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད་ལ།  སྙན་ཞུའི་དོན་རྐྱེན་དེ་ཕན་ཚུན་ལ་འབྲེལ་བ་ཡོད་མེད་ད་དུང་གཏན་འཁེལ་བྱེད་མི་ཐུབ་ཟེར།

བསོད་དོན་གྱིས་བསྒྱུར།