
ཕེ་སི་ཁོ་ཧྥུས་བཤད་རྒྱུར། ཨུ་རུ་སུ་དང་ཨ་རི། ཝུའུ་ཁོ་ལན་བཅས་ཀྱིས་ཨ་པི་ཀྲ་པིར་འཚོགས་པའི་ཕྱོགས་གསུམ་གྱི་གྲོས་མོལ་སྟེང་བདེ་འཇགས་དང་བདེ་འཇགས་འགན་སྲུང་གི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་ཡིན། རྒྱལ་ཁབ་ཅིག་གི་བདེ་འཇགས་འགན་སྲུང་དེ་རྒྱལ་ཁབ་གཞན་ཞིག་གི་བདེ་འཇགས་བློས་གཏོང་བ་ལས་མངོན་འགྱུར་བྱེད་མི་རུང་།
ཁོས་ད་དུང་བསྟན་དོན། གྲོས་ཐག་བཅད་པ་ནི་ཕྱོགས་གསུམ་གྱི་གྲོས་མོལ་བྱེད་སྟངས་ཡིན་པས་ཡོ་རོབ་གླིང་ཐེངས་འདིའི་གྲོས་མོལ་ལ་ཞུགས་མི་སྲིད། འོན་ཀྱང་ཁོས་ད་དུང་བསྟན་དོན། ཨུ་རུ་སུས་སྔ་ཕྱི་ནམ་ཞིག་ལ་ཡོ་རོབ་རྒྱལ་ཁབ་དང་ཡོ་རོབ་ཀྱི་མ་འོངས་བའི་བདེ་འཇགས་མ་ལག་ཐད་གླེང་མོལ་བྱེད་དགོས་ཀྱིན་ཡོད་ལ། འོན་ཀྱང་ཡང་སྙིང་སུ་དང་གླེང་མོལ་བྱ་རྒྱུ་གསལ་པོར་ཤེས་དགོས། དུས་ཡུན་རིང་པོའི་ནང་ཡོ་རོབ་ཀྱིས་སུ་ཞིག་ཨུ་རུ་སུ་དང་གླེང་མོལ་བྱེད་རྒྱུའི་དབང་ཆ་ཡོད་པར་ཐག་གཅོད་བྱེད་མ་ཐུབ།
ཕེ་སི་ཁོ་ཧྥུས་ཚེས་གསུམ་ཉིན་སྔ་མོ་ནས་ཨུ་རུ་སུ་དང་ཨ་རི། ཝུའུ་ཁོ་ལན་བཅས་ཀྱིས་ཝུའུ་ཁོ་ལན་གྱི་གནད་དོན་ལ་དམིགས་པའི་ཕྱོགས་གསུམ་གྱི་གྲོས་མོལ་ཚོགས་འདུ་དེ་ཟླ11པའི་ཚེས10ནས་ཚེས11ཉིན་བར་ཨ་ལེན་ཆོའུ་རྒྱལ་ས་ཨ་པི་ཀྲ་པིར་འཚོག་རྒྱུ་ཡིན་པ་ངོས་གཏན་བྱས། ཚེས་གསུམ་ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཡོ་རོབ་མནའ་འབྲེལ་དང་ཨ་རི། ཝུའུ་ཁོ་ལན་བཅས་ཀྱི་གྲོས་མོལ་འཐུས་མིས་ཚེས་བཞི་ཉིན་པུ་རུ་སེར་དུ་ཐུག་འཕྲད་བྱ་རྒྱུ་ཡིན་པར་བཤད།
བསོད་དོན་གྱིས་བསྒྱུར།