
ཨུ་རུ་སིའི་སྲིད་འཛིན་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས3ཉིན་བསྟན་དོན། ཨུ་རུ་སི་དང་ཨ་རི། ཝུའུ་ཁོ་ལན་བཅས་ཕྱོགས་གསུམ་གྱི་ཝུའུ་ཁོ་ལན་གནད་དོན་ལ་གཞིགས་པའི་གྲོས་མོལ་དེ་ཟླ11པའི་ཚེས10ཉིན་ནས་ཚེས11ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རུ་བསྡུ་རྒྱུ་རེད་ཟེར།
ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝའེ་ཐི་ཁི་ཧྥུའུ་ཡིས་ཚེས2ཉིན་བཤད་རྒྱུར། གྲོས་མོལ་ལས་དམག་འཁྲུག་རྗེས་ཀྱི་བདེ་འཇགས་བཀོད་སྒྲིག་དང་གནས་བབ་ཞི་ལྷོད་དུ་གཏོང་བ། མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་དང་ཞི་བདེ་མངོན་འགྱུར་ཡོང་བའི་རྗེས་མཐུད་བྱེད་ཐབས་བཅས་གཙོར་བོར་བཟུང་ནས་གྲོས་བསྡུར་བྱ་རྒྱུ་ཡིན་ལ། ཝུའུ་ཁོ་ལན་ཕྱོགས་ཀྱིས་ཕྱོགས་གསུམ་གྱི་གྲོས་མོལ་སྐོར་ནས་རྣམ་འགྱུར་གསར་བ་ཅི་ཡང་བསྟན་མེད་ཟེར། སྐོར་ཐེངས་སྔོན་མའི་ཨུ་རུ་སི་དང་ཝུའུ་ཁོ་ལན་གྱི་འགལ་བའི་སྐོར་གྱི་ཕྱོགས་གསུམ་གྲོས་མོལ་དེ་ད་ལོའི་ཟླ2པར་རི་ནེ་ཝ་རུ་སྤེལ་བ་རེད།
ལྷ་མོ་འཚོས་བསྒྱུར།