
ས་དེའི་དུས་ཚོད་ཚེས3ཉིན་གྱི་ཐོ་རེངས་སུ། དབྱི་ལང་ལྷོ་ཕྱོགས་ཀྱི་ཀི་ཧྲི་མུའུ་གླིང་ཕྲན་ནས་འབར་གས་སྒྲ་ཐེངས་མང་གྲགས། ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་དཔོན་མིའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་དབྱི་ལང་གི་ཀི་ཧྲི་མུའུ་གླིང་ཕྲན་ལ་ཚད་ཡོད་རྡུང་རྡེག་བཏང་བ་དང་འགུལ་སྐྱོད་དེ་ནི་འགོག་སྲུང་གི་ངོ་བོ་ཡིན་པར་བཤད། དབྱི་ལང་གིས་དེའི་ཐད་ལ་ལན་མ་བཏབ།
དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་སྐྱོབ་རུ་ཁག་གིས་ཚེས2ཉིན་ཁྱབ་བསྒྲགས་དོན། ཧོ་ཨར་མུའུ་ཙི་མཚོ་འགག་ཤར་རྒྱུད་དུ་ཨ་རིའི་དམག་དཔུང་གི་MQ-9རྟགས་ཅན་གྱི་མི་མེད་གནམ་གྲུ་ཞིག་རྩ་མེད་དུ་བཏང་བར་མ་ཟད། ཀི་ཧྲི་མུའུ་གླིང་ཕྲན་ལྷོ་རྒྱུད་ཀྱི་མཁའ་དབྱིངས་སུ་ཨ་རིའི་དམག་དཔུང་གི་མྱུལ་ཞིབ་མི་མེད་གནམ་གྲུ2འཛིན་བཟུང་བྱས།