ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་མཉམ་འབྲེལ་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེངས་བརྒྱ་ལྷག་ཐེབས་ཚུལ་བསྟན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་ཚེས2ཉིན་བཤད་རྒྱུར། འདས་པའི་ཆུ་ཚོད24ཡི་རིང་། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ས་ཁུལ་མང་པོར་བར་སྣང་འཇབ་རྒོལ་ཐེངས་བརྒྱ་དང་དགུ་བྱས་ནས། མི་མང་པོར་ཤི་རྨས་ཐེབས་ཡོད་ཟེར། ཧུའུ་སེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧི་ཐའེ་ཏཱ་ཞིང་ཆེན་གྱི་ལཱ་སི་དབྱི་སཱ་གྲུ་ཁ་རུ་འཇབ་རྒོལ་ཐེབས་པས། གྲུ་གཟིངས་དང་འགྲུལ་སྐྱེལ་རླངས་འཁོར་མང་པོར་འབར་སྐྱོན་བྱུང་ཡོད་ཟེར། སོ་ཏི་ཨ་རབ་ཀྱིས་དེའི་ཕྱོགས་ལ་ལན་ཅི་ཡང་སློག་མེད།

གཞན་ཡེ་མིན་སྲིད་གཞུང་དམག་གིས་ཚེས2ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་དེ་ཡེ་མིན་སྲིད་གཞུང་དམག་གིས་ཚོད་འཛིན་བྱས་པའི་གནས་སྐབས་ཀྱི་རྒྱལ་ས་ཡཱ་ཏིན་དང་སྤྱི་ལེ་བརྒྱད་ཅུ་ཙམ་གྱི་མཚམས་སུ་བཅར་ཡོད་ཟེར། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འདི་ནི2015ལོའི་ཚུན་ལ་ཧུའུ་སེ་དྲག་ཆས་ཡཱ་ཏིན་དང་ཆེས་ཐག་ཉེ་བའི་ཐེངས་ཤིག་རེད་ཅེས་ཟེར། ཧུའུ་སེ་དྲག་ཆས་ཀྱིས་དེའི་ཕྱོགས་ནས་གནས་ཚུལ་ཅི་ཡང་སྤེལ་མེད།

ལྷ་མོ་འཚོས་བསྒྱུར།