ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་སྒོ་རྩིས་ཚོང་ཁང་གི་འཁྱག་བཟོ་སྒྲིག་ཆས་ལ་དྲ་རྒྱའི་ཚུར་རྒོལ་ཐེབས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཨིར་ལན་དང་སུའེ་ཏེན། པི་ལི་ཧྲི། ལུ་ཙེམ་པོག་སོགས་ཡོ་རོབ་རྒྱལ་ཁབ་ཀྱི་སྒོ་རྩིས་ཚོང་ཁང་མང་པོར་ཚེས2ཉིན་དྲ་རྒྱའི་ཚུར་རྒོལ་ཐེབས་ནས། གྲང་ཉར་དང་འཁྱག་བཟོ་སྒྲིག་ཆས་ཀྱི་དྲོད་ཚད་རྒྱུན་ལྡན་མིན་པའི་ཇེ་མཐོར་སོང་བ་དང་ཟས་རིགས་ཁ་ཤས་ཀྱི་ངོ་བོ་འགྱུར། ས་གནས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྒོ་རྩིས་ཚོང་ཁང་སྐོར་ཞིག་གི་གྲང་ཉར་དང་འཁྱག་བཟོའི་སྒྲིག་ཆས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་50རུ་བཀོད་སྒྲིག་བྱས་ཡོད་པ་རེད། མིག་སྔར་སྒོ་རྩིས་ཚོང་ཁང་གི་གཉེར་སྐྱོང་ཚོང་པས་སྒྲིག་ཆས་མཁོ་འདོན་ཚོང་པ་དང་དྲ་རྒྱའི་བདེ་འཇགས་ཆེད་མཁས་པར་མཉམ་ལས་བྱས་ནས་བརྟག་དཔྱད་བྱེད་བཞིན་ཡོད་ལ། པི་ལི་ཧྲི་ཡིས་དེའི་ཐད་ཉེས་དོན་བརྟག་དཔྱད་བྱེད་འགོ་ཚུགས་ཡོད།

ཟླ10པར་ཧྥ་རན་སེའི་སྒོ་རྩིས་ཚོང་ཁང་བརྒྱ་ཕྲག་ཁ་ཤས་ལ་ཡང་དེ་དང་འདྲ་བའི་དྲ་རྒྱའི་ཚུར་རྒོལ་ཐེབས་ནས།  གྱོང་གུན་ཡོ་སྒོར་ས་ཡ་ཁ་ཤས་ལ་སླེབས་ཡོད།