དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་མཁའ་ཐོག་འཇབ་རྒོལ་བྱས་ནས་མི8བསད།
ཁུངས། ཀློག་གྲངས།

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཟླ11པའི་ཚེས1ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་མཁའ་ཐོག་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི8བསད། གཞན་ཡང་མི་མང་པོར་རྨས་ཕོག        

གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་མི་མེད་གནམ་གྲུས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཧན་ཡིའུ་ཉི་སིར་འཇབ་རྒོལ་བྱས་པས་ཕ་ལེ་སི་ཐན་གྱི་མི5བསད། གཞན་ཡང་ས་གནས་དེའི་ནང་སྲིད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལྟར་ན། ཕ་ལེ་སི་ཐན་གྱི་མི་ལྔ་པོའི་ཐོབ་ཐང་ནི་ཉེན་རྟོག་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱིས་ད་དུང་ཅ་ཧྲ་གྲོང་ཁྱེར་གྱི་ནུབ་རྒྱུད་ས་ཁུལ་ཞིག་ལ་འཇབ་རྒོལ་བྱས་ནས་བྱིས་པ་ཞིག་ཚུད་པའི་ཕ་ལེ་སི་ཐན་གྱི་མི3བསད། 

ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཟླ10པའི་ཚེས31ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་ཟླ10པའི་ཚེས10ཉིན་འཁྲུག་མཚམས་འཇོག་རྒྱུའི་གྲོས་ཡིག་ལག་བསྟར་བྱས་པ་ནས་བཟུང་ཕ་ལེ་སི་ཐན་གྱི་མི1580དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་ཁྲོད་ཚེ་ལས་འདས་བ་དང་། གཞན་ཡང་མི5711ལ་རྨས་སྐྱོན་ཕོག