རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ཚད་མཐོའི་གདེང་འཇོག་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་གུང་ཁྲན་ཏང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་འཛམ་གླིང་གི་སྲིད་ཏང་འཛུགས་སྐྱོང་ལ་བློ་སྒོ་ཆེན་པོ་ཕྱེ་བར་བསྔགས་བརྗོད་བྱས།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིའུ་ཅ་ནོ་ཧྥུ་ཡིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ།  ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་དང་མཉམ་དུ་ལངས་ནས་དམངས་འཚོའི་ཕན་བདེ་གོང་སྤེལ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་དུ་བཟུང་ནས་འཛམ་གླིང་གིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ལ། འདིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་གང་ལེགས་ཀྱིས་མཚོན་ཡོད།

ཁམ་ཕུ་ཁྲེའི་མི་དམངས་ཏང་ཀྲུང་དབྱང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་སུའོ་སི་ཡ་ལ་ཡིས་བཤད་རྒྱུར། ངས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཁས་ལེན་གིན་ཡོད། ངས་བལྟས་ན་སྒྲིག་ཁྲིམས་གཟབ་ནན་ཡིན་པའི་སྲིད་སྐྱོང་ཏང་ཞིག་གིས་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་རྒྱུན་མཐུད་རང་བཞིན་འགན་སྲུང་བྱེད་ཐུབ་ལ། བསམ་འདུན་དེ་བདེན་པ་བདེན་ཐུབ་ཀྱི་འཕེལ་རྒྱས་དང་ཡར་རྒྱས་སུ་བསྒྱུར་བར་མོས་མཐུན་ཆེན་པོ་བྱེད་གིན་ཡོད།

དབྱི་ཐ་ལིའི་དར་གོས་ཚོང་ལམ་གསར་པའི་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་མ་ལིན་ཅའོ་ཡིས་བཤད་རྒྱུར། ཀྲུང་གོའི་གུང་ཁྲན་ཏང་གིས་གསར་གཏོད་དང་རྒྱུན་འཛིན་བར་དོ་སྙོམས་བྱས་ལ། དུས་མཚུངས་སུ་རྩེ་རིམ་འཐབ་ཇུས་འཆར་འགོད་དང་དམངས་འཚོའི་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱིས་རང་ངོས་གསར་བཅོས་དང་གཅིག་འདོམས་ཆོད་ཆེ་བཅས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་དེ་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལྟེ་བའི་གསང་གྲངས་ཡིན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་ལ་དཔྱད་གཞིར་བཟུང་ཆོག་པའི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད།

ཞི་ལེ་རིག་མཛོད་ཀྱི་ཁ་ན་ཏའི་འགན་འཁུར་པ་ཧི་ཁི་སི་ཡིས་བཤད་རྒྱུར།  སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཀྲུང་གོའི་གུང་ཁྲན་ཏང་གི་བཅོས་སྐྱོང་དང་རང་ངོས་འཐུས་ཚང་དུ་གཏོང་རྒྱུར་དམིགས་ཡོད།    ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ཤིང་། འདིས་ཀྲུང་གོའི་གུང་ཁྲན་ཏང་གིས་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཡུན་རིང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་ཐུབ།

སེབ་རུ་སིའི་ངལ་རྩོལ་མི་དམངས་ཡར་ཐོན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུའེ་ཨོ་ནུའུ་ཡིས་བཤད་རྒྱུར།    སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་དམིགས་ཡོད། སྒྲིག་ཁྲིམས་འཛུགས་སྐྲུན་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཚད་མཐོའི་རིག་པ་གསལ་པོ་དང་བློ་སྟོབས་བརྟན་པོ་མངོན་ཞིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ཏེ་རང་ངོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མུ་མཐུད་སྐུལ་སྤེལ་བྱེད་པ་མཚོན་ཡོད།   ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ནི་དཔྱད་གཞིར་འཛིན་པའི་རིན་ཐང་ཆེན་པོ་ལྡན།