ཁ་ཐར་སོགས་རྒྱལ་ཁབ་བཞིས་རྒྱལ་སྲུང་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད།
ཁུངས། ཀློག་གྲངས།

ཁ་ཐར་རྒྱལ་སྲུང་པུའུ་ཡིས་ཚེས21ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཁ་ཐར་དང་ཧིན་རྡུ་ཉི་ཞི་ཡ། ཕ་ཁི་སི་ཐན། ཐུར་ཁེ་བཅས་ཀྱིས་ཚེས་ཉེར་གཅིག་ཉིན་ཏོ་ཧ་རུ“པ་ཏེ་ཨེར”ཞེས་པའི་ཕྱོགས་མང་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ཅིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་བཞིས་རྒྱལ་སྲུང་བཟོ་སྐྲུན་དང་། དམག་དོན་ནུས་པ་འཛུགས་སྐྲུན། ལག་རྩལ་གསོ་སྦྱོང་། ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་ཆེད་ཡིན།

གསལ་བསྒྲགས་ལས་བསྟན་དོན། བསམ་ཤེས་དྲན་ཐོ་དེའི་དམིགས་ཡུལ་ནི་རྒྱལ་ཁབ་བཞིས་རྒྱལ་སྲུང་བཟོ་སྐྲུན་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགོག་སྲུང་ལས་དོན་གྱི་ནུས་པ་ཆེ་རུ་གཏོང་བ། ལག་རྩལ་གསོ་སྦྱོང་དང་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། དེང་རབས་འགོག་སྲུང་མ་ལག་འཕེལ་རྒྱས་གཏོང་བར་མཁོ་བའི་ལག་རྩལ་དང་བཟོ་ལས་ཀྱི་ཐག་གཅོད་ཇུས་གཞི་གསར་སྤེལ་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།

གསལ་བསྒྲགས་ལས་ད་དུང་བསྟན་དོན།  བསམ་ཤེས་དྲན་ཐོ་དེ་ནང་ཞུགས་མཁན་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་སྲུང་བཟོ་སྐྲུན་གྱི་ལེགས་ཆ་འདོན་སྤེལ་དང་།  ཐོན་ལས་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒྱལ་སྲུང་བཟོ་ལས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཕན་ནུས་བཏོན་ནས།  མནའ་མཐུན་གྲོགས་པོ་དང་མཛའ་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་དགོས་མཁོ་སྔར་ལས་ལེགས་པར་སྐོང་ངེས།