
ཚེས20ཉིན། ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཧྥུ་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་གཉིས་ཀྱིས་ནོར་ཝེའི་ཨའོ་སི་ལུའུ་རུ་ཝུའུ་ཁི་ལན་གྱི་གནད་དོན་སྐོར་ལ་གྲོས་མོལ་བྱས་པ་དང་། ཚོགས་འདུར་ཞུགས་མཁན་ལ་ད་དུང་ནོར་ཝེ་དང་ཧྥིན་ལན་སོགས་ཡོ་རོབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་མིན་ཡོ་རོབ་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་འཐུས་མི་ཚུད་ཡོད། ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། གྲོས་མོལ་ལ“ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས”བྱུང་བ་དང་། ཕྱོགས་ཡོངས་ཀྱི་ཞི་བདེའི་སྒྲོམ་གཞི་དང་འབྲེལ་བ་ཡོད་པའི་གནད་འགག་གི་རྒྱུ་རྐྱེན་གཙོ་བོར་གྲོས་བསྡུར་བྱས་ལ། དེའི་ནང་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་དང་གདོང་གཏུག་མཇུག་སྒྲིལ་རྗེས་ཀྱི་དཔལ་འབྱོར་འཆར་གཞི་དང་དེ་མིན་སྔར་ལས་རྒྱ་ཆེ་བའི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་ཚུད་ཡོད།
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལེན་སི་ཅི་ཡིས་གྲོས་མོལ་བྱས་རྗེས་བསྟན་དོན། ཝུའུ་ཁི་ལན་དང་ཨ་རི་ཡིས་ཉིན་དེར་བདེ་འཇགས་འགན་ལེན་ཇུས་གཞི་མང་པོར་གྲོས་མོལ་བྱས་ཡོད། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས20ཉིན་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལེན་སི་ཅི་ལ་ཡང་བསྐྱར་གནོན་ཤུགས་བྱིན་ཏེ། ཨུ་རུ་སུར་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་འགོད་པར་སྐུལ་མ་བཏང་།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུ་ལའོ་ཧྥུ་ཡིས་ཚེས20ཉིན་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིའི་ཕྱོགས་ཀྱི་གྲོས་འཆར་ལ་ཞིབ་འཇུག་བྱེད་སྲིད་མོད། འོན་ཀྱང་དཔལ་འབྱོར་ཉོ་ཚོང་ལ་ཆབ་སྲིད་ཀྱི་བཟོད་སྒོམ་བྱེད་མི་སྲིད། ཁོས་བཤད་རྒྱུར། ཨུ་རུ་སུས་ནུབ་ཕྱོགས་དང་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་ཀྱང་། 2022ལོའི་སྔོན་གྱི་མཉམ་འགུལ་བྱེད་སྟངས་ལ་ཕྱིར་ལོག་བྱེད་མི་སྲིད།
ཚེས21ཉིན། ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཧྥུ་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རུ་འབྱོར་ནས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་ཐུགས་འཕྲད་བྱས། ཕུའུ་ཅིན་གྱིས་ཝེ་ཐི་ཁོ་ཧྥུ་ལ་དེའི་སྔོན་གྱི་ཉིན་གཅིག་ལ་ནོ་ཝེ་ནས་གྲོས་མོལ་བྱས་པའི་འབྲེལ་ཡོད་གནས་ཚུལ་དྲིས། ཝེ་ཐེ་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་ཇུས་གཞིའི་འབྲེལ་ཡོད་བསམ་ཕྱོགས་ཞིབ་བརྗོད་བྱེད་པའི་ཡིག་ཆ་ཁྱེར་ཡོང་བ་མ་ཟད། ཕུའུ་ཅིན་གྱིས་ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་ཕྱོགས་གསུམ་གྱི་གྲོས་མོལ་སླར་གསོ་བྱེད་པར་བསམ་བློ་གཏོང་བའི་རེ་བ་ཡོད་ཚུལ་བཤད། ཕྱོགས་གཉིས་ཀས་ད་དུང་ཨུ་རུ་སུ་དང་ཨ་རིའི་དཔལ་འབྱོར་འབྲེལ་བ་སླར་གསོ་བྱེད་པར་དགེ་མཚན་ལྡན་པའི་བསམ་ཕྱོགས་བསྟན།