དབྱི་ལང་གི་སྲིད་འཛིན་གྱིས་ཕ་ལེ་སི་ཐན་གྱི་སྐམ་དམག་ཇུས་འདོན་པར་ཐུག་འཕྲད་བྱས་ཏེ་ས་ཁུལ་གྱི་གནས་བབ་ལ་གྲོས་སྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་ཚེས20ཉིན་ཐེ་ཧེ་རན་དུ་འཚམས་འདྲིར་ཕེབས་པའི་ཕ་ལེ་སི་ཐན་གྱི་སྐམ་དམག་ཇུས་འདོན་པ་ཡུའུ་ཉི་ཨར་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་གྲོས་སྡུར་བྱས། ཕེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལང་གིས་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད་ཀྱང་། ཨ་རིས་ངེས་པར་དུ་དབྱི་ལང་གི་བཀག་སྡོམ་མེད་པར་བཟོ་དགོས་ལ། ཆ་རྐྱེན་འདི་གྲོས་མོལ་གང་རུང་སྤེལ་བའི་སྔོན་འགྲོ་ཡིན། མུའུ་ཉི་ཨར་གྱིས་གྲོས་མོལ་ཁྲོད་དབྱི་ལང་དང་ཨ་རིའི་བཟོད་སྒོམ་བརྗེད་ཐོ་དོན་འཁྱོལ་བྱེད་མ་ཐུབ་པར་ཡིད་ཕང་བའི་ཚུལ་བསྟན། ཁོས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་གནད་དོན་ཐག་གཅོད་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་དེར་བཤད་རྒྱུར། དབྱི་ལང་གི་སྲིད་དབང་རྩ་སློག་བྱེད་རྒྱུ་ནི་དམག་དོན་འཇིགས་སྐུལ་མེད་པར་བཟོ་བའི་ཐབས་ལམ་ཉག་ཅིག་ཡིན།