
དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་སི་ཐེ་ལི་ཐིང་གིས་ཚེས20ཉིན། དབྱིན་ཇིས"རྒྱ་མཚོའི་རླུང་འཚུབ"ཅེས་པའི་འཐབ་འཛིང་གནམ་གྲུ་མངགས་ནས། སོ་ཏི་ཨ་རབ་ཀྱིས་འགོག་སྲུང་རང་བཞིན་གྱི་མཁའ་ཟོན་དམག་འཐབ་ལས་འགན་སྒྲུབ་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན། དབྱིན་ཇིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། དབྱིན་ཇིས་ད་དུང་སོ་ཏི་ཨ་རབ་ལ་དམག་དོན་བློ་འདོན་པ་དང་། A400Mཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཞིག་མངགས་གཏོང་བྱེད་རྒྱུ་ཡིན་པ་དང་། དབྱིན་ཇིའི་དམག་འཐབ་གནམ་གྲུས་འགོག་སྲུང་ལས་འགན་ཁོ་ན་སྒྲུབ་པ་ལས། རང་འགུལ་ངང་ཧུའུ་སེ་དྲག་ཆས་པར་རྡུང་རྡེག་གཏོང་མི་སྲིད།