ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་ཀྱི་རིན་གོང་ཉེ་བའི་ལོ་བཞིའི་རིང་ཐེངས་དང་པོར་ཡོབ་སྒོར90ལས་བརྒལ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

     ཚེས20ཉིན། ཡོ་རོབ་ཀྱི་རང་བྱུང་སོལ་རླངས་ཀྱི་ཚད་གཞིའི་རིན་གོང་སྟེ། ཧོ་ལན་གྱི་བདག་དབང་བཤུག་སྤྲོད་ལྟེ་གནས(TTF)ཀྱི་རང་བྱུང་སོལ་རླངས་ཀྱི་ཟླ11པའི་དུས་བཅད་ཟོག་ཚོང་གི་རིན་གོང་ནང་ཀྲའོ་ཝ་རེར་ཡོབ་སྒོར90བརྒལ་བ་དེ།     2022ལོའི་ཟླ12པའི་ཚུན་གྱི་ཆུ་ཚད་ཆེས་མཐོ་བ་ཡིན་ལ།    ཉེ་བའི་ལོ4ཡི་རིང་།  ཐེངས་དང་པོར་ཡོ་སྒོར90ལས་བརྒལ་བ་དེ།   དབུས་ཤར་ས་ཁུལ་གྱི་དམག་འཁྲུག་མ་ལངས་གོང་གི་ཡོབ་སྒོར32ཙམ་ལས་ཆེས་ཆེར་འཕར་ཡོད།   དབྱེ་ཞིབ་བྱས་པ་ལྟར་ན།   དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གིས་མཚོ་ཁུག་ས་ཁུལ་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་ཕྱིར་གཏོང་ལ་བཀག་འགོག་ཐེབས་པ་དང་།  གོ་ལ་ཧྲིལ་པོའི་རང་བྱུང་སོལ་རླངས་མཁོ་འདོན་མི་འདང་བའི་གནས་ཚུལ་རྒྱུན་མཐུད་ངང་འབྱུང་བཞིན་ཡོད།      དགུན་ཁ་སླེབས་ལ་ཉེ་བ་དང་བསྟུན་ནས།   ཁྲོམ་རའི་དགོས་མཁོ་ཇེ་ཆེར་སོང་བ་དེས་རང་བྱུང་སོལ་རླངས་ཀྱི་རིན་གོང་ཇེ་མཐོར་གཏོང་སྲིད།

​