
ལི་པི་ཡའི་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས་དུས་མཉམ་དུ་བསྟན་དོན། སྒྲིག་གཞི་དེས་ཉིན་དེར2019ལོའི་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་ཐུར་ཁེས་མིང་རྟགས་བཀོད་པའི་ས་དབུས་རྒྱ་མཚོའི“མཚོ་དོན་དོ་དམ་དབང་ཆའི”འབྲེལ་ཡོད་བསམ་ཤེས་དྲན་ཐོར་འདེམས་ཤོག་འཕངས་ནས་ཆོག་མཆན་སྤྲད།
2019ལོའི་ཟླ11པར། ཐུར་ཁེ་དང་ལི་པི་ཡ་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ས་དབུས་རྒྱ་མཚོའི“མཚོ་དོན་དོ་དམ་དབང་ཆའི”བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་དེ། ས་དབུས་རྒྱ་མཚོའི་ཤར་རྒྱུད་དུ་གཞི་ཁྱོན་སྔར་ལས་ཆེ་བའི་ཆེད་གཏོགས་དཔལ་འབྱོར་ཁུལ་རག་ཐབས་བྱས། ལོ་དེའི་ཟླ12པར་ཐུར་ཁེ་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་རེ་ཞུ་ལྟར། གྲོས་ཁང་གིས་དབང་ཆ་སྤྲད་རྗེས་ལི་པི་ཡར་དམག་དཔུང་གཏོང་རྒྱུ་ཡིན་པ་བསྟན། ཕྱི་ལོའི་ཟླ་དང་པོར་ཐུར་ཁེའི་གྲོས་ཁང་གིས་འབྲེལ་ཡོད་གྲོས་གཞིར་གྲོས་འཆམ་བྱུང་བ་དང་། ལི་པི་ཡའི་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམས་ཤོག་འཕངས་ནས་ཐུར་ཁེ་དང་འབྲེལ་ཐག་གཅོད་རྒྱུའི་ཐག་བཅད་པ་མ་ཟད། དྲན་ཐོ་དེ་ཁས་མ་བླངས་པ་རེད།