
ཚེས19ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུའུ་ཡིས་དབྱི་ལང་དུ་འཚམས་འདྲི་བྱས་པ་མ་ཟད། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་དང་དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་དང་ཐུག་འཕྲད་བྱས། དབྱི་ལང་ཕྱོགས་ཀྱིས་བསྟན་དོན། ས་ཁུལ་གྱི་གནད་དོན་དམག་དོན་གྱི་ཐག་གཅོད་པའི་ཇུས་གཞི་མེད། ངེས་པར་དུ་ཕྱི་འབྲེལ་གྱི་ཐབས་ལམ་དང་ཆབ་སྲིད་ཀྱི་ཇུས་གཞིར་བརྟེན་ནས་ཐག་གཅོད་དགོས། དབྱི་ལང་གིས་རྒྱལ་ཁབ་གང་རུང་གིས་དྲག་ཤུགས་དང་གཉའ་གནོན་གྱི་བྱེད་ཐབས་སྤྱད་པ་བརྒྱུད་རང་ཉིད་ཀྱི་འདོད་བློ་རྒྱལ་ཁབ་གཞན་པའི་སྟེང་བཙན་ཤེད་ཀྱིས་སྤྲོད་པའི་བྱེད་ཐབས་གཏན་ནས་དང་ལེན་མི་བྱེད། ལ་ཧྥུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སུས་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་རོགས་བྱེད་འདོད་ཡོད་ཟེར། ཁོས་དུས་མཉམ་དུ་བསྟན་དོན། ཨ་རུ་སུ་ཕྱོགས་ཀྱིས་དབྱི་ལང་གིས་དཔལ་འབྱོར་དང་དངུལ་གཏོང་ཁྱབ་ཁོངས་སུ་གྲོས་ཡིག་ལེགས་གྲུབ་ལག་བསྟར་བྱེད་རྒྱུ་བློས་གཏོང་འདོད་མེད་ཟེར།