ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིས་ཝུའུ་ཁི་ལན་ལ་རྒྱལ་གཅེས་པ་ཞེས་པའི་འཕུར་མདེལ་འགོག་བྱེད་ཀྱི་མདེའུ་སྤྲོད་རྒྱུར་ཆོག་མཆན་མ་སྤྲད་ཟེར།
ཁུངས། ཀློག་གྲངས།

ཚེས19ཉིན་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་གཞུང་གིས་ད་རུང་ཝུའུ་ཁི་ལན་ལ་རྒྱལ་གཅེས་པ་ཞེས་པའི་འཕུར་མདེལ་འགོག་སྲུང་མ་ལག་གི་མདེའུ་བརྒྱུད་སྤྲོད་བྱ་རྒྱུའི་ཆོག་མཆན་སྤྲད་མེད། གསར་འགོད་ཁྲོད་ཨ་རིའི་དཔོན་རིགས་ཀྱི་གཏམ་དྲངས་པ་ལྟར་ན། རྒྱལ་གཅེས་པའི་བཀག་འགོག་མདེའུ་བརྒྱུད་སྤྲོད་བྱ་བ་ཕྱིར་འགྱངས་བྱས་པའི་གནས་ཚུལ་དེ་ཨ་རི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱི་འབྲེལ་བ་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཞིག་རེད།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས19ཉིན་བསྟན་དོན། ཨ་རིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་གསང་འཕྲིན་མཉམ་སྤྱོད་བྱེད་པ་དང་ཆབས་ཅིག སླར་ཡང་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ལ་དམག་འཁྲུག་མཇུག་སྒྲིལ་འདོད་མེད་པར་སྐྱོན་བརྗོད་བྱས་ཤིང་། ཨ་རིས་ཝུའུ་ཁི་ལན་ལ་རོགས་སྐྱོར་མང་པོ་བྱས་པ་ལས་ཕན་ཐོགས་གང་ཡང་མ་བྱུང་ཚུལ་བཤད། གཞན་ཡང་ཝུའུ་ཁི་ལན་སྨྱན་སྦྱོར་གྱིས་ཚེས19ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་བཤད་རྒྱུར། ཨ་རིས་སྐར་ཕྲེང་དྲ་རྒྱའི་མྱུར་ཚད་ཚོད་འཛིན་དང་རྒྱལ་གཅེས་པའི་བཀག་འགོག་མདེའུ་བརྒྱུད་སྤྲོད་ཕྱིར་འགྱངས་བྱས་པ་བརྒྱུད། ཝུའུ་ཁི་ལན་འུ་ཐུག་ཐབས་ཟད་ངང་ཨུ་རུ་སུར་མགོ་འདོགས་ཞུ་རྒྱུའི་གནོན་ཤུགས་སྤྲོད་འདོད་འདུག་ཟེར།