
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས12ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲལེ་བློན་ཆེན་གྱིས་ཉིན་དེར་ཨུ་རུ་སིའི་དམག་དོན་བཟོ་ལས་ཐོན་ལས་ལ་དམིགས་པའི་བཀག་སྡོམ་མིང་ཐོ་ཇེ་མང་དུ་བཏང་བ་དང་། མི་སྒེར་དང་ཚོགས་པ་ཆིག་སྟོང་དྲུག་བརྒྱ་ཙམ་ལ་འབྲེལ་ཡོད་ཟེར།
ཁཱ་ལཱ་སི་ཡིས་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། དེ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་མིང་ཐོ་ཇེ་མང་དུ་བཏང་བ་གཞི་རྒྱ་ཆེས་ཆེ་བའི་ཐེངས་ཤིག་རེད། ཁ་སྣོན་བྱས་པའི་བཀག་སྡོམ་བྱ་ཡུལ་ཁྲོད་ཕྱེད་ཀའི་ཡན་འཕུར་མདའི་ཐོན་སྐྱེད་དང་མཁོ་འདོན་ལ་འབྲེལ་བ་ཡོད་ཟེར།
ཁཱ་ལཱ་སི་ཡིས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཨུ་རུ་སིས་མཚོན་ཆ་ཐོན་སྐྱེད་བྱེད་པའི་དཀའ་ཁག་དང་དུས་ཚོད་མ་རྩ། དཔལ་འབྱོར་མ་རྩ་བཅས་ཇེ་མང་དུ་བཏང་ནས། ཨུ་རུ་སིའི་དམག་དོན་བཟོ་ལས་ཐོན་སྐྱེད་ནུས་པ་ཇེ་ཞན་དུ་གཏོང་འདོད་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།