
ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས10ཉིན་བསྟན་དོན། ཨ་རི་སོ་ཏི་ཨ་རབ་ཀྱིས་ཡེ་མིན་ཧུའུ་སེ་དྲག་ཆས་པར་དམིགས་པའི་རྡུང་རྡེག་འགུལ་སྐྱོད་ཁྲོད་ཞུགས་སྲིད་པར་མ་ཟད། མགྱོགས་མྱུར་སྒོས་དེའི་ནང་ཞུགས་མིན་ཐག་གཅོད་ངེས་ཡིན་ཟེར།
ཐི་ལིང་ཕུའུ་ཉིན་དེར་ཐེན་ནཱ་ཞི་མངའ་སྡེར་སོང་ནས་སྤྱི་མཐུན་ཏང་གི་འདེམས་དམངས་འདུ་ཚོགས་ལ་མ་ཞུགས་གོང་། ཕོ་བྲང་དཀར་པོ་རུ་གསར་འགོད་པར་བཤད་རྒྱུར། ཁོས་ཨ་རི་སོ་ཏི་ཨ་རབ་ཀྱིས་ཧུའུ་སེ་དྲག་ཆས་པར་དམིགས་པའི་རྡུང་རྡེག་འགུལ་སྐྱོད་ཁྲོད་ཞུགས་འོས་མིན་ལ་དཔྱད་འཇོག་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། “ང་ཚོ་དེའི་ཁྲོད་ཞུགས་ཀྱང་སྲིད།”“ང་ཚོས་ཉེ་ཆར་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཤེས་རྟོགས་བྱུང་ཡོད་པས། མགྱོགས་མྱུར་ངང་དེའི་ནང་ཞུགས་མིན་ཐག་གཅོད་ངེས་ཡིན་ཟེར།”
ཉེ་ཆར། ཧུའུ་སེ་དྲག་ཆས་པས་ཐེངས་མང་པོར་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་གནམ་གྲུ་ཐང་དང་རྡོ་སྣུམ་སྒྲིག་བཀོད་ལ་འཇབ་རྒོལ་བྱས། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་བསྟན་དོན། གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ནས་ཧུའུ་སེ་དྲག་ཆས་པའི་དམག་དོན་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བཞིན་ཡོད་པ་དང་། དེའི་མདེལ་ལམ་འཕུར་མདའི་དྲ་རྒྱ་གཏོར་བཞིན་ཡོད་པར་མ་ཟད། ཡེ་མིན་སྲིད་གཞུང་དམག་དཔུང་ལ་བར་སྣང་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།