
ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས8ཉིན་བསྟན་དོན། ཧན་གོ་ཡིས་ཝུའུ་ཁི་ལན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཐག་བཅད་ཡོད་ཟེར།
ཧན་གོའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་བར་གྱི་ཐག་གཅོད་ཐོབ་མེད་པའི་གནད་དོན་ཐག་གཅོད་གང་ལེགས་བྱེད་པར་རེ་བཞིན་ཡོད་པ་དང་། དོན་དེའི་ཐད་ནས་མུ་མཐུད་དུ་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཟླ9བའི་ཟླ་སྨད་དུ་ཁྲའོ་ཞན་གྱི་བཟུང་དམག་གཉིས་ཧན་གོར་བརྒྱུད་སྤྲོད་བྱེད་རྒྱུའི་གནས་ཚུལ་བསྒྲགས། ཧན་གོའི་སྲིད་འཛིན་ལིས་ཙེ་མེན་གྱིས་ཟླ10བའི་ཚེས2ཉིན་བསྟན་དོན། ཝུའུ་ཁི་ལན་གྱིས་ཕྱོགས་གཉིས་ཀྱིས་བཀོད་པའི་གསང་བའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་སྤེལ་ཡོད་པས། ཝུའུ་ཁི་ལན་ཕྱོགས་ཀྱིས་དགོངས་དག་ཞུ་དགོས་པའི་རེ་བ་བཏོན། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་དེའི་སྔོན་རྒོལ་གཏམ་དྲག་པོ་བཏང་བ་དང་། ཅི་ཧྥུའུ་ཕྱོགས་གཅིག་གི་བྱ་སྤྱོད་དེ་ལས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་ཡིད་ཆེས་ལ་གཏོར་བརླག་ཚབས་ཆེན་བོཟས་ཡོད་པར་འདོད། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས7ཉིན་བསྟན་དོན། ཕྱོགས་གཉིས་ཀྱིས་གསང་བའི་བྱེད་ཐབས་ཀྱི་གོ་བ་ལེན་སྟངས་ལ་ཁྱད་པར་ཡོད་པས་གོ་བ་ལོག་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།