ཡེ་མིན་སྲིད་གཞུང་གིས་འགུལ་སྐྱོད་སྤེལ་ཏེ་ཧུའུ་སེ་དྲག་ཆས་ཀྱིས་ཉེ་ལམ་ཚོད་འཛིན་བྱས་པའི་ས་ཁུལ་ཕྱིར་བསྡུ་རྒྱུ་ཡིན་པ་བསྒྲགས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡེ་མིན་གྱི་སྲིད་འཛིན་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་ཧྲ་ཏི་.ཨ་ལི་མུས་ཀྱིས་ཚེས4ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཧུའུ་སེ་དྲག་ཆས་ཀྱིས་ཉེ་ལམ་ཚོད་འཛིན་བྱས་པའི་ས་ཁུལ་ཕྱིར་བསྡུ་རྒྱུ་ཁྱབ་བསྒྲགས་བྱས།

ཨ་ལི་མུས་ཀྱིས་ཉིན་དེར་ལི་ཡ་ཏི་རུ་ཡེ་མིན་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། གཟའ་འཁོར་འགའི་དམག་དོན་སྐུལ་སློང་བརྒྱུད། ཡེ་མིན་སྲིད་གཞུང་གིས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་འགོ་བརྩམས་ནས། ཧུའུ་སེ་དྲག་ཆས་ཀྱིས་ཉེ་ལམ་ཚོད་འཛིན་བྱས་པའི་ས་ཁུལ་ཕྱིར་བསྡུ་རྒྱུ་ཡིན་པ་བསྟན་ལ། ཁོས་དྲག་ཆས་དམག་དཔུང་དང་། བདེ་འཇགས་སྡེ་ཁག  དེ་བཞིན་མནའ་འབྲེལ་དམག་དཔུང་སོགས་དམག་དོན་སྟོབས་ཤུགས་སོ་སོར་དམག་འཐབ་འཆར་གཞི་ལག་བསྟར་བྱེད་པའི་བཀའ་ཕབ་ཡོད་ཟེར།

ཁོས་བསྟན་དོན། ཐེངས་འདིའི་འགུལ་སྐྱོད་ཀྱི་ལས་འགན་ནི་ཚོད་འཛིན་ས་ཁུལ་ཕྱིར་བསྡུ་རྒྱུ་མ་ཟད། ལྷག་ཏུ་རྒྱལ་ཁབ་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། མཚོན་ཆ་སར་འཇོག་པ་དང་དམག་འཐབ་མཚམས་འཇོག་པའི་ཧུའུ་སེ་དྲག་ཆས་མི་སྣར་གུ་ཡེངས་གཏོང་ངེས་ཡིན་ཟེར།

ཡེ་མིན་སྲིད་གཞུང་གི་ས་གནས་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་ཀྱིས་ཚེས4ཉིན་ལྷོ་ནུབ་ཕྱོགས་ཀྱི་ཐ་དབྱི་ཙི་ཞིང་ཆེན་དུ་ས་ཁོངས་གལ་ཆེན་མང་པོ་ཚོད་འཛིན་བྱས། དེའི་ཁྲོད་དུ་ཐ་དབྱི་ཙི་ཞིང་ཆེན་དང་ཉེ་བའི་ལ་ཧི་ཅི་ཞིང་ཆེན་དང་། དེ་བཞིན་ལྷོ་རྒྱུད་གྲུ་ཁའི་གྲོང་ཁྱེར་ཡ་ཏིང་གི་གཞུང་ལམ་གཙོ་བོ་འདུ་ཟེར། ཐ་དབྱི་ཙི་ཞིང་ཆེན་གྱི་སྡོད་དམངས་ཤིག་གིས་བཤད་རྒྱུར། ཞིང་ཆེན་དེའི་དམག་འཐབ་ས་ཁུལ་དུ་མི་སྟོང་ཕྲག་ལྷག་ཡུལ་གྱར་པར་གྱུར་འདུག་ཟེར།

ཉེ་ལམ་ཧུའུ་སེ་དྲག་ཆས་ཀྱིས་སྲིད་གཞུང་དམག་ལ་ཕར་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས། གྲུ་ཁའི་གྲོང་ཁྱེར་མུའུ་ཧ་དང་། ཕེ་ལིན་གླིང་ཕྲན་སོགས་འཐབ་ཇུས་འགངས་གནས་བདག་བཟུང་བྱས། ཡེ་མིན་སྲིད་གཞུང་གིས་ཟླ9པའི་ཚེས11ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་ཀྱིས་རྒྱལ་ཁབ་དེའི་ནུབ་རྒྱུད་མཚོ་འགྲམ་ཡོངས་ཚོད་འཛིན་བྱས་པ་མ་ཟད། ལྷོ་རྒྱུད་ཀྱི་ལ་ཧི་ཅི་ཞིང་ཆེན་བར་དུ་ཕལ་རྒོལ་བྱས་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།