ཨ་རིའི་སྲིད་འཛིན་གྱིས་དབྱི་ལང་གནད་དོན་ཐད་ཐག་གཅོད་བྱ་རྒྱུ་ཡིན་པ་བསྟན། 
ཁུངས། ཀློག་གྲངས།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས3ཉིན་ཕོ་བྲང་དཀར་པོ་ནས་སྨྱན་སྦྱོར་ལ་བསྟན་དོན། ཁོས་མི་འགྱངས་བར་དབྱི་ལང་གི་གནད་དོན་ཐད་ཐག་གཅོད་བྱ་རྒྱུ་ཡིན་ཟེར།  ཨ་རིའི་སྨྱན་སྦྱོར་གྱིས་དེ་སྔ་གནས་ཚུལ་སྤེལ་བ་ལྟར་ན།  ཨ་རིའི་དམག་དཔུང་གིས་དབུས་ཤར་ས་ཁུལ་ལ་དམག་ཤུགས་སྣོན་བཞིན་ཡོད་པ་དང་།  “ལའོ་སི་ཧྥུའུ”རྟགས་ཅན་གྱི་མ་གྲུ་རྡུང་རྡེག་ཚོགས་པ་དབུས་ཤར་ས་ཁུལ་དུ་བསྐྱོད་ཟིན། 

དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གི་བློ་འདྲི་པཱ་ལ་ལི་ཡིས་ཚེས3ཉིན་བསྟན་དོན།  དབྱི་ལང་གི་མཚོན་ཆ་ཐོན་སྐྱེད་མཁོ་སྤྲོད་མུ་ཕྲེང་ལེགས་པོ་སྲུང་འཛིན་བྱས་ཡོད།  ཉིན་དེར་དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་གྱིས་དམག་དོན་སྦྱོང་བརྡར་ལྟེ་གནས་གསར་པ་ཞིག་སྤྱོད་འགོ་ཚུགས་པ་རེད། སྦྱོང་བརྡར་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལྟེ་གནས་འདིའི་དམིགས་ཡུལ་ནི་དབྱི་ལང་གི་སྤྱི་དམངས་ཀྱིས་ཨ་རི་དང་དབྱི་སི་རལ་གྱི་ས་ངོས་འཇབ་རྒོལ་ལ་འགོག་རྒོལ་བྱེད་ཆེད་གྲ་སྒྲིག་བྱེད་པ་རེད།