
ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས4ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་ཚེས་གསུམ་ཉིན་གྱི་ནངས་མོར། ཤར་ཕྱོགས་ས་ཁུལ་དུ་འབྲིང་འཕེན་འཐབ་ཇུས་འཕུར་མདའ་འཕེན་གཏོང་སྦྱོང་བརྡར་བྱས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་ཡུལ་དངོས་ནས་སྦྱོང་བརྡར་ལ་ལྟ་ཞིབ་བྱས།
བསྒྲགས་པ་ལྟར་ན། སྦྱོང་བརྡར་བྱེད་པའི་འཕུར་མདའ་ཡིས་གཏན་འཁེལ་བྱས་པའི་ཁྲའོ་ཞན་ཤར་ཁུལ་མཚོ་ཁོངས་ཀྱི་དམིགས་འབེན་ལ་ཕོག་ཡོད་ཟེར། སྦྱོང་བརྡར་འདིའི་དམིགས་ཡུལ་ནི་རབ་མྱུར་འཐབ་ཇུས་ཀྱི་གོ་མཚོན་མ་ལག་གི་འཕུར་མདའ་དམག་གི་མཚོན་ཆ་བཀོལ་སྤྱོད་ནུས་པའི་བྱང་ཚད་མཐོར་འདེགས་གཏོང་ཆེད་རེད།
ཅིན་ཀྲིན་ཨུན་གྱིས་བཤད་རྒྱུར། སྟོབས་ཆེན་གྱི་བཀག་སྡོམ་ནུས་པས་བཙན་ཤུགས་སྣ་ཚོགས་ལ་དོ་དམ་ཚོད་འཛིན་བྱས་ནས། རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཟེར།