སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་མཉམ་འབྲེལ་དམག་གིས་ཧུའུ་སའེ་དྲག་ཆས་ཀྱིས་ལི་ཡ་ཏི་ལ་འཇབ་རྒོལ་བྱས་པའི་བཤད་ཚུལ་ནི་ལོག་བཤད་ཡིན་ཟེར།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས་གསུམ་ཉིན་བཤད་རྒྱུར། ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏ་ལ་འཇབ་རྒོལ་བྱས་ཞེས་པའི་བཤད་ཚུལ་ལ་ལོག་བཤད་ཀྱི་ཚུལ་འདུག་ཟེར།

སོ་ཏི་ཨ་རབ་ཀྱི་དབུས་ཤར་ཚགས་པར་གྱིས་ཚེས་གསུམ་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མགྲིན་ཚབ་པ་ཐུའུ་རྗེ་མ་ལེ་ཅི་ཡིས་ཚགས་པར་ཁང་དེ་ལ་བཤད་རྒྱུར། ཉེ་ལམ་ལྷོ་ནུབ་ཁུལ་གྱི་ཐ་ཡེ་ཚི་ཞིང་ཆེན་དང་འཐབ་ར་གཞན་དག་ནས་ཧུའུ་སའེ་དྲག་ཆས་ཀྱི་མི་སྣ་ཤི་རྨས་བྱུང་ལ། དེའི་སྟབས་ཀྱིས་ཁོ་ཚོས་རྒྱལ་ཁ་རྫུན་མ་ལེན་པར་རེ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་ཀྱི་བྱ་སྤྱོད་འདིའི་དམིགས་ཡུལ་ནི་ཕྱི་རོལ་གྱིས་རང་ཉིད་ལ་གྱོང་གུན་ཐེབས་པ་ཤེས་སུ་འཇུག་མི་འདོད་པ་དེ་རེད་ཟེར།

ཧུའུ་སའེ་དྲག་ཆས་ཀྱིས་ཚེས་གསུམ་ཉིན་གྱི་སྔ་མོའི་དུས་སུ་བསྒྲགས་རྒྱུར། རྩ་འཛུགས་ཀྱིས་འཕུར་མདའ་དང་མི་མེད་གནམ་གྲུས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏིའི་སོ་ཏི་ཨ་མེ་ཀུང་ཟིའི་རྡོ་སྣུམ་སྒྲིག་ཆས་ལ་ཕར་རྒོལ་བྱས་པ་ཡིན། ཕར་རྒོལ་གྱིས་སྔོན་དཔག་དམིགས་འབེན་ལ་ཕོག་ཡོད་ཅིང་། ཐད་ཀར་འབེན་ལ་ཕོག་པས་དམིགས་སའི་ཡུལ་ནས་མེ་འབར་བ་རེད། འདི་ནི་སོ་ཏི་ཨ་རབ་ཀྱིས་ཡེ་མིན་ས་ན་དང་ཧུའུ་སའེ་དྲག་ཆས་ཀྱིས་བཟུང་བའི་ས་ཁུལ་གཞན་དག་ལ་འཇབ་རྒོལ་བྱས་པའི་ཨ་ལན་ཡིན་ཟེར།