
ཁོང་ཀོ(ཅིན)འཕྲོད་བསྟེན་སྡེ་ཁག་གིས་ཚེས2ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེའི་སྐོར་ཐེངས་འདིའི་ཨའེ་པོ་ལ་རིམས་ནད་ཁྲོད་རིམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ8300སླེབས་པ་དང་། བཞི་སྟོང་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། གཞི་གྲངས་ལས་མངོན་པ་ལྟར་ན། རིམས་ནད་དེ་རྒྱལ་ཁབ་དེའི་ཞིང་ཆེན7ལ་ཁྱབ་པ་དང་། རིམ་རྩིས་བྱས་ན་ནད་པ2162དྲག་སྐྱེད་བྱུང་བ་དང་། བརྒྱ་ཆའི་ཞེ་བརྒྱད་གྲངས་ཆུང་བཞི་རྐྱེན་ལམ་དུ་ཤོར།
ཁོང་ཀོ(ཅིན)གྱིས་ཟླ5པའི་ཚེས15ཉིན་ཨའེ་པོ་ལ་རིམས་ནད་བྱུང་བ་ཁྱབ་བསྒྲགས་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ཡིས་ཟླ8པའི་ཚེས12ཉིན་བཤད་རྒྱུར། ཁོང་ཀོ(ཅིན)གྱི་སྐོར་ཐེངས་འདིའི་རིམས་ནད་ནི“ཟིན་ཐོར་བཀོད་པའི་ཚུན་གྱི་ཨའེ་པོ་ལ་རིམས་ནད་ཚབས་ཆེན་བྱུང་ཐེངས་གཉིས་པ་རེད་ཟེར།