
ཡོ་རོབ་མནའ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཚེས2ཉིན་བསྒྲགས་པའི་ཐོག་མའི་གཞི་གྲངས་ལས་མངོན་པ་ལྟར་ན། ནུས་ཁུངས་ཀྱི་རིན་གོང་ཆེས་ཆེར་འཕར་བའི་ཤུགས་རྐྱེན་ཐེབས་ཏེ། ཟླ9པར་ཡོ་སྒོར་ཁུལ་གྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ལོ་ཕྱོད་ལྟར་རྩིས་བརྒྱབ་ན3.8%ཡིན་པ་དང་། ཟླ8པའི3.2%དང་བསྡུར་ན་ཅུང་འཕར་ནས། 2023ལོའི་ཟླ9པའི་ཚུན་གྱི་ཆེས་མཐོ་བའི་ཚད་ལ་སླེབས། གཞི་གྲངས་ལས་མངོན་པ་ལྟར་ན། ཟླ9པར་ཡོ་སྒོར་ཁུལ་གྱི་ནུས་ཁུངས་རིན་གོང་ན་ནིང་གི་དུས་མཉམ་ལས18.8%འཕར། དབྱེ་ཞིབ་མི་སྣས་བལྟས་ན། གལ་ཏེ་ཡོ་སྒོར་ཁུལ་གྱི་ནུས་ཁུངས་རིན་གོང་བསྟུད་མར་ཇེ་མཐོར་སོང་བ་མ་ཟད། དེ་ཞབས་ཞུ་དང་ཚོང་ཟོག་སོགས་ཀྱི་ཕྱོགས་སུ་མཆེད་ཚེ། ཡོ་རོབ་ཀྲུང་དབྱང་དངུལ་ཁང་འཕྲད་པའི་སྐྱེད་ཀ་འཕར་བའི་གནོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་སྲིད།