
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་ཧྲ་མུའུ་ཞི་ཡིས་ཚེས3ཉིན་བསྟན་དོན། བརྟག་དཔྱད་ལས་མངོན་པ་ལྟར་ན། ཟླ9པའི་ཚེས30ཉིན་བྱུང་བའི་ཏིས་པའེ་མཁའ་འགྲུལ་འགྲུལ་སྐྱེལ་གནམ་གྲུའི་ཁ་ལོ་སྒྱུར་ཁང་གི་གདོང་ཐུག་དོན་རྐྱེན་ཁྲོད། ཁ་ལོ་བ་གཞོན་པས་འཕུར་སྐྱོད་ཀྱི་སྐབས་སུ“འཇིགས་སྐུལ་འཇབ་རྒོལ”བྱེད་རྩིས་བྱས། ཁོས་དོན་རྐྱེན་གྱི་ཞིབ་ཕྲའི་ཀུན་སློང་སོགས་ལ་ད་རུང་བརྟག་དཔྱད་བྱེད་བཞིན་ཡོད་པ་བསྟན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། འཇབ་རྒོལ་བར་ཐལ་དྲགས་པའི་བསམ་བློའི་ཤུགས་རྐྱེན་ཐེབས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་འཇབ་རྒོལ་བར་གཞན་གྱིས་ངན་སྐུལ་བྱས་ཡོད་མེད་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།
དེ་ལས་གཞན། དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁ་ལོ་སྒྱུར་ཁང་གི་གདོང་ཐུག་དོན་རྐྱེན་བྱུང་རྗེས། ཏིས་པའེ་མཁའ་འགྲུལ་གྱིས་དབྱི་སི་རལ་དུ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཚང་མ་གནས་སྐབས་སུ་འཕུར་མཚམས་བཞག་ལ། དེའི་རྐྱེན་གྱིས་དབྱི་སི་རལ་གྱི་ཡུལ་སྐོར་བ་ཆིག་ཁྲི་ཙམ་ཏིས་པའེ་སོགས་སུ་ལུས་ཡོད།