སོ་ཏི་ཨ་རབ་ཀྱིས་ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱི་ཚོད་འཛིན་ཁུལ་ལ་མཁའ་རྒོལ་ཐེངས་མང་བྱས།
ཁུངས། ཀློག་གྲངས།

​ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་ཚེས2ཉིན་བཤད་རྒྱུར། འདས་ཟིན་པའི་དུས་ཚོད24རིང་། སོ་ཏི་ཨ་རབ་ཀྱིས་ཧུའུ་སའེ་དྲག་ཆས་ཀྱི་ཚོད་འཛིན་ཁུལ་ལ་མཁའ་རྒོལ་ཐེངས90ལྷག་བྱས་ཏེ་མི་སྣར་ཤི་རྨས་བཟོས་ཟེར། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས2ཉིན་བཤད་རྒྱུར། ཉིན་དེར་ཧུའུ་སའེ་དྲག་ཆས་ཀྱིས་འཕེན་གཏོང་བྱས་པའི་འཕུར་མདེལ་མང་པོ་བཀག་འགོག་བྱས་ཟེར། 

དེ་ལས་གཞན། ཨ་རིའི་སྨྱན་སྦྱོར་གྱིས་ཚེས2ཉིན་ཨ་རིའི་དཔོན་རིགས་ཀྱི་བཤད་པའི་གནས་ཚུལ་དྲངས་ནས་བཤད་རྒྱུར།  སོ་ཏི་ཨ་རབ་དང་ཡེ་མེན་སྲིད་གཞུང་དམག་གིས་མ་འོངས་པའི་ཉིན་ཤས་རིང་ཧུའུ་སའེ་དྲག་ཆས་ལ་གཞི་ཁྱོན་ཆེན་པོས་རྡུང་རྡེག་གཏོང་རྩིས་ཡོད་མོད། འོན་ཀྱང་ཨ་རིའི་ཕྱོགས་ནས་རྡུང་རྡེག་གཏོང་བའི་འགུལ་སྐྱོད་ཁྲོད་ཞུགས་རྒྱུ་དང་ལེན་མ་བྱས་ཟེར།