ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་གྱི་མཚོ་དམག་རྟེན་གཞིར་ཆམ་ཕབ་བཏང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས27ཉིན་སྤྱི་སྒྲོག་སྤེལ་ཏེ། ཚེས26ཉིན་གྱི་ནམ་གུང་ནས་ཚེས27ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ཅི་ལེ་ཡཱ་གྲུ་ཁར་གནས་པའི་ཝུའུ་ཁི་ལ་ན་གྱི་ཤར་ཕྱོགས་མཚོ་དམག་རྟེན་གཞིའི་དམག་སྤྱི་ཁང་དང་། ཝུའུ་ཁི་ལན་རྒྱལ་ཁབ་མཐའ་སྲུང་ཅུས་ཀྱི་རྟེན་གཞི། ཝུའུ་ཁི་ལན་གྱི་དམག་ཆས་འཇོག་སའི་མཛོད་ཁང་བཞི་སོགས་ལ་ཆམ་ཕབ་བཏང་།

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་མུ་མཐུད་དུ་མི་མེད་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་དངོས་སྐྱེལ་ལྟེ་གནས་དང་གྲུ་ཁ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས། དེ་མིན་ཝུའུ་ཁི་ལན་གྱི་དམག་དོན་ཞབས་ཞུའི་འཕྲིན་གཏོང་ལྟེ་གནས། གྲུ་གཟིངས་བཅས་ལ་ཆམ་ཕབ་བཏང་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཅི་ཧྥུའུ་གྲོང་ཁྱེར་དུ་གནས་པའི་ཨོ་ཏཱ་ཧྥུན་ཀུང་ཟིའི་གཞི་གྲངས་ཐག་གཅོད་ལྟེ་གནས་ལ་ཆམ་ཕབ་ཐེབས་པ་དང་། ལྟེ་གནས་དེ་ནི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་སྤོ་སྒུལ་འཕྲིན་གཏོང་དང་མྱུར་བགྲོད་མཉམ་འབྲེལ་དྲ་བ། གསང་འཕྲིན་གཞི་གྲངས་བརྒྱུད་སྐུར་བཅས་ཀྱི་ཞབས་ཞུའི་ཚོང་དོན་འདོན་སྤྲོད་བྱེད་མཁན་གཙོ་བོ་ཞིག་རེད། ཨུ་རུ་སིའི་དམག་དཔུང་གིས་ད་རུང་ཅི་ཧྥུའུ་མངའ་སྡེའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རོགས་སྐྱོར་དངོས་རྗས་གསོག་ཉར་ཁང་གཅིག་དང་བགོ་བཤའ་བྱེད་སའི་མཁོ་སྒྲུབ་དངོས་སྐྱེལ་ལྟེ་གནས་གཅིག་དང་ཨོ་ཏི་སཱ་གྲུ་ཁའི་དམག་བཀོལ་དངོས་རྫས་སྐྱེལ་འདྲེན་གྲུ་གཟིངས་སོགས་ལ་ཆམ་ཕབ་བཏང་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།

​