
ཧཱ་སག་སི་ཐན་གྱི་སྲིད་འཛིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། སྲིད་འཛིན་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས27ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཧཱ་སག་སི་ཐན་གྱི་དྲག་ཆས་དམག་དཔུང་དམིགས་བསལ་འཐབ་འཁྲུག་དམག་དཔུང་གི་དམག་སྤྱི་མཱེ་ཨར་ཀྲ་ཧི་མཱེ་ཐའོ་ཧྥུའུ་རྒྱལ་སྲུང་བློན་ཆེན་ལ་བསྐོ་འཇོག་བྱས།
ཚེས27ཉིན་གྱི་སྔ་དྲོར། ཐའོ་ཁཱ་ཡེ་ཧྥུའུ་ཡིས་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཁི་སཱ་ནོའུ་ཧྥུའུ་ཡི་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་བླངས།
ཧཱ་སག་སི་ཐན་མཚོ་དམག་གིས་ཚེས24ཉིན་ལི་ཧེ་མཚོ་འགྲམ་གྱི་མན་ཀི་སི་ཐའོ་མངའ་སྡེ་རུ་དམག་དོན་སྦྱོང་བརྡར་བྱེད་སྐབས། ནམ་ཟླ་གློ་བུར་དུ་འགྱུར་བ་དང་རླུང་ཤུགས་ཇེ་དྲག་ཏུ་སོང་བས། དམག་མི་མང་བོར་ཆུར་ལྷུང་བ་དང་། མཇུག་མཐར་དམག་མི14རྐྱེན་ལམ་དུ་ཤོར། ཉུང་མཐར་ཡང་མཐོ་རིམ་དམག་དཔོན་ལྔ་དོན་དེའི་དབང་གིས་བཀག་སྐྱིལ་བྱས།
ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས26ཉིན་བཀའ་རྒྱ་བཀོད་དེ། ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་དམག་མི་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐད་ནས་རྒྱལ་སྲུང་པུའུ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དུ་བཅུག
བསོད་ནམས་ཚེ་རིང་གིས་བསྒྱུར།