དབྱི་ལང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཁ་ལོ་འཁོར་ནས་མི11རྐྱེན་ལམ་དུ་ཤོར་ཞིང་། མི24རྨས།
ཁུངས། ཀློག་གྲངས།

དབྱི་ལང་གི་མའེ་ཧི་ཨར་གསར་འགྱུར་ཁང་གིས་ཚེས26ཉིན་གསར་འགོད་ལྟར་ན། དབྱི་ལང་གི་སཱ་བེ་གྲོང་ཁྱེར་བྲེལ་མྱུར་སྨན་བཅོས་ཞབས་ཞུའི་ལྟེ་གནས་ཀྱི་འགན་ཁུར་བ་ཧ་མུས་ཏི.ཨ་པུའུ་ལེ-ཏ་ལེ་ཡིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཉིན་དེར་མྱུར་བགྲོད་གཞུང་ལམ་སྟེང་ཁ་ལོ་འཁོར་ནས་མི11རྐྱེན་ལམ་དུ་ཤོར་ཞིང་། མི24རྨས།

ཧ་མུས་ཏི.ཨ་པུའུ་ལེ-ཏ་ཡིས་བཤད་རྒྱུར། ཉིན་དེའི་ནམ་གུང་ཆུ་ཚོད4དང་སྐར་མ48ཀྱི་སྟེང་། སཱ་བེ་གྲོང་ཁྱེར་བྲེལ་མྱུར་སྲོག་སྐྱོབ་ལྟེ་གནས་སུ་ཡར་ཞུ་ཞིག་འབྱོར་ཏེ། ཁི་འར་མན་ཧྲ་ཧི་ནས་ཐེ་ཧེ་རན་དུ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཧ་མ་ཏན་ནས་སཱ་བེ་མྱུར་བགྲོད་གཞུང་ལམ་དུ་དོན་རྐྱེན་བྱུང་སྟེ། སྲོག་སྐྱོབ་མི་སྣ་དེ་མ་ཐག་ཡུལ་དངོས་ལ་མངགས་ནས་རྨས་མ་སྐྱོབ་བཅོས་བྱས་ཤིང་། རྨས་མ་དག་ཉེ་འཁོར་གྱི་སྨན་ཁང་ལ་བསྐྱལ།

དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ད་རུང་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན།