ཁ་ན་ཏའི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི4རྐྱེན་ལམ་དུ་ཤོར།
ཁུངས། ཀློག་གྲངས།

ཁ་ན་ཏའི་སྨྱན་སྦྱོར་གྱི་གསར་འགོད་ལྟར་ན། ཁ་ན་ཏ་ཡི་ཁུའེ་པེ་ཁི་ཞིང་ཆེན་མུན་ཐི་ལི་འར་གྲོང་ཁྱེར་དུ་ཚེས26ཉིན་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཞིག་བྱུང་སྟེ། གནམ་གྲུའི་ནང་གི་མི4རྐྱེན་ལམ་དུ་ཤོར།

གསར་འགོད་ལྟར་ན། ཉེན་རྟོག་ཕྱོགས་ལ་ས་དེའི་ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད2དང་སྐར་མ30ཡས་མས་སུ་ཉེན་བརྡ་འབྱོར་ཞིང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་གྱེན་འཕུར་གནམ་གྲུ་མུན་ཐི་ལི་འར་གྲོང་ཁྱེར་ཤར་ལྷོ་རྒྱུད་ཀྱི་སྤྱི་ལེ55ཡི་སར་མར་ལྷུང་ནས་མེར་འབར་བ་དང་། སྲོག་སྐྱོབ་མི་སྣས་དེའི་རྗེས་ཀྱི་ཆུ་ཚོད་གཅིག་གི་ནང་མེ་ལྕེ་མཆེད་པ་ཚོད་འཛིན་བྱས་མོད། འོན་ཀྱང་གནམ་གྲུའི་ནང་གི་མི4ཚང་མ་རྐྱེན་ལམ་དུ་ཤོར།

ཐོག་མའི་བརྟག་དཔྱད་ལྟར་ན། གྱེན་འཕུར་གནམ་གྲུ་འདི་འཕུར་ནས་ཅང་མ་འགོར་བར་གློ་བུར་དུ་ཆག་སྐྱོན་བྱུང་སྟེ་སར་ལྷུང་བ་རེད།

མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གྱེན་འཕུར་གནམ་གྲུའི་ཁོངས་གཏོགས་དང་འཕུར་འབབ་ས་ཚིགས། དེ་བཞིན་རྐྱེན་ལམ་དུ་ཤོར་མཁན་གྱི་ཐོབ་ཐང་སོགས་ངོས་འཛིན་བྱུང་མེད། ཁ་ན་ཏའི་འགྲིམ་འགྲུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཚན་ཆུང་མངགས་ནས་ཡུལ་དངོས་སུ་བརྟག་དཔྱད་བྱེད་དུ་སོང་ཡོད།