
ཧང་གྷ་རི་དང་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་རྒྱལ་སྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཁྱབ་བསྒྲགས་བྱས།
ཧང་གྷ་རིའི་རྒྱལ་སྲུང་པུའུ་ཀྲང་ལུའུ་ཞིན་སེན་ཏི་ཡིས་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཕི་སི་ཐུའོ་ལི་ཝུའུ་སིས་ཚེས25ཉིན་ཧང་གྷ་རིའི་རྒྱལ་ས་པུ་ཏ་ཕེ་སིར་གྲོས་མོལ་གནང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་རེད།
ཕི་སི་ཐུའོ་ལི་ཝུའུ་སིས་གྲོས་མོལ་མཇུག་སྒྲིལ་རྗེས་འཚོགས་པའི་མཉམ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོགབཤད་རྒྱུར། འཇར་མན་དང་ཧང་གྷ་རིས་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་གསོ་སྦྱོང་དང་དམག་དོན་སྦྱོང་བརྡར་སོགས་ཀྱི་ཐད་རྒྱལ་སྲུང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་དང་བྱང་ཆིངས་རྩ་འཛུགས་སྤྱིའི་རྒྱལ་སྲུང་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན། འཇར་མན་གྱིས་ཧང་གྷ་རིར་མཚོན་ཆའི་མ་ལག་གི་ཆེད་ལས་ཤེས་བྱ་མཁོ་སྤྲོད་བྱེད་འདོད་ཡོད། ལུའུ་ཞིན་སིན་ཏི་ཡིས་འཇར་མན་གྱིས་བཟོས་པའི་ཐད་འཕུར་གནམ་གྲུ་དང་ཐན་ཁེ། མེ་སྒྱོགས་མ་ལག་བཅས་ཀྱི་སྒྲིག་ཆས་རྣམས་ཧང་གྷ་རིའི་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། ཧང་གྷ་རིས་བྱང་ཆིངས་རྩ་འཛུགས་ལ་དམག་མིའི་རྒྱབ་སྐྱོར་བྱེད་པ་དེ་ཡང་འཇར་མན་གྱི་རོགས་རམ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན།
མི་ཕམ་མགོན་པོས་བསྒྱུར།