ཁོ་ལོམ་པུ་ཡཱ་ཡིས་དབྱི་ལང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁོ་ལོམ་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་ཟླ9བའི་ཚེས19ཉིན་ནས་བཟུང་དབྱི་ལང་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་བཅད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་རྒྱལ་ཁབ་དང་ས་ཁུལ་གྱི་བདེ་འཇགས་དང་། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཐད་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྩ་དོན་གཞིར་བཟུང་བ་ཡིན་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། འབྲེལ་ཐག་བཅད་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་འབྲེལ་བ་ཆད་པའི་ནང་དོན་མིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།