
ཟླ9བའི་ཚེས1ཉིན་གྱི་ཕྱི་དྲོར། ཀྲུང་གོས་བལ་བོ་ལ་འདོན་སྤྲོད་བྱས་པའི་འདམ་རུད་གནོད་འཚེ་ཐག་གཅོད་བྱེད་པའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐོར་ཐེངས་གཉིས་པ་ཧྲིན་ཀྲིན་གྱི་པའོ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སྐྱེལ་མགོ་བརྩམས།
རྒྱུས་ལོན་པ་ལྟར་ན། སྐོར་ཐེངས་འདིའི་རྒུད་སྐྱོབ་དངོས་རྫས་ལ་གཙོ་བོ་ཆུ་གཙང་མ་དང་གློག་སྒྲོན། རྒྱུད་རྒྱུའི་ཚད་འཇལ་ཞིབ་བཤེར་སོགས་ཀྱི་སྒྲིག་ཆས་དང་མི་མེད་གནམ་གྲུ་སོགས་འདུས་པ་དང་། འཆར་གཞི་ལྟར་ན་ཚེས1ཉིན་གྱི་དགོང་མོར་བལ་བོའི་རྒྱལ་ས་ཀ་ཏི་མན་ཏུའུ་རུ་འབྱོར་ངེས་རེད།
མིག་སྔར་ཀྲུང་གོ་དང་བལ་བོའི་མཐའ་མཚམས་ཀྱི་སྐྱིད་ལུང་དང་ར་གསོ་བའི་རྒྱུ་ལམ་ལ་འདམ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་ཏེ། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་བྲེལ་མྱུར་ངང་ཉེན་སེལ་རང་སྐྱོབ་བྱས་པའི་ཞོར་དུ། དུས་ཐོག་ཏུ་བལ་བོའི་ཕྱོགས་ལ་རོགས་སྐྱོར་བྱས་ནས་བལ་བོའི་བྲེལ་མྱུར་གནོད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།