
དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ནཱ་མུའུ་ཡིས་ཚེས1ཉིན་གྲོས་ཁང་ཞོལ་མ་ནས་ཐོག་དང་པོར་དབུ་བཞུགས་བློན་ཆེན་གྱི་ངོས་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཁོས་མུ་མཐུད་དུ་དབུ་བཞུགས་བློན་ཆེན་སྔོན་མ་སི་ཐཱ་མའོ་ཡི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
པའོ་ནཱ་མུའུ་ཡིས་བཤད་རྒྱུར། དབྱིན་ཇི་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཝུའུ་ཁི་ལན་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་དབྱིན་ཇིའི་རྒྱལ་སྲུང་ལས་དོན་དེ་ཝུའུ་ཁི་ལན་ལ་ཐུག་ཡོད་ཟེར།
ཟླ8པའི་ཚེས27ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་དབྱིན་ཇི་ཡིས་ཅི་ཧྥུའུ་ལ་མཚོན་ཆ་འདོན་སྤྲོད་བྱས་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མཚོན་ཆ་དེ་དག་བཀོལ་ནས་ཨུ་རུ་སིར་འཇབ་རྒོལ་བྱེད་བཞིན་ཡོད་ལ། དེའི་མཇུག་འབྲས་དབྱིན་ཇི་ཡིས་བསྐུར་དགོས་པའི་ཉེན་བརྡ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།