
ཅོར་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས2ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གྱི་མཁའ་སྲུང་མ་ལག་གིས་འདས་པའི་དུས་ཚོད་འགའི་ནང་དབྱི་ལང་ནས་གཏོང་འཕེན་བྱས་པའི་འཕུར་མདའ་བཅུ་བཀག་པ་དང་། གཞན་ཡང་འཕུར་མདའ་གསུམ་མཐའ་འཁོབ་ས་ཁུལ་དུ་ལྷུང་བ་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཕུར་མདའ་འགོག་པའི་འགུལ་སྐྱོད་ལས་མི་སྣར་ཤི་རྨས་ཐེབས་མེད་པ་དང་། ཆེད་ལས་མི་སྣས་འཕུར་མདའི་ཆག་རོ་ལྷུང་སར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཅོར་ཏན་དྲག་ཆས་དམག་དཔུང་གིས་མུ་མཐུད་དུ་ལས་འགན་ལག་བསྟར་བྱས་པ་དང་། ལྟ་རྟོག་དང་མཁའ་སྲུང་མ་ལག་དེ་དོགས་ཟོན་གྱི་རྣམ་པར་གནས་ནས་འཇིགས་ཉེན་གང་རུང་ལ་ཁ་གཏད་འཇལ་གྱིན་ཡོད་ལ། རྒྱལ་ཁབ་དང་སྤྱི་དམངས་ཀྱི་བདེ་འཇགས་དང་མངའ་ཁོངས་བདག་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།