དབྱི་ལང་གི་ཆེས་མཐོའི་འགོ་ཁྲིད་པས་ཨ་མེ་རི་ཁའི་བྱ་སྤྱོད་ལས་སྲིད་འཛིན་གྱིས་མིང་རྟགས་བཀོད་པར་རིན་ཐང་ཅི་ཡང་མེད་པ་བདེན་དཔང་བྱས་ཡོད་ཅེས་བཤད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། དབྱི་ལང་གི་ཆེས་མཐོའི་འགོ་ཁྲིད་མུའུ་ཅེ་ཐཱ་པ་ཧཱ་མེ་ནེ་ཡེ་ཡིས་ཚེས18ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལང་གི་སྲིད་འཛིན་བར་བཀོད་པའི་བཟོད་སྒོམ་བརྗེད་ཐོར་ཐེངས་མང་པོར་རྒྱབ་འགལ་བྱས་པ་དེས་ཨ་མེ་རི་ཁའི་སྲིད་འཛིན་གྱིས་མིང་རྟགས་བཀོད་པ་དེ་ནི་རིན་ཐང་མེད་པ་དང་ནུས་མེད་ཡིན་པ་ར་སྤྲོད་བྱས་ཟེར།

མུའུ་ཅེ་ཐཱ་པ་ཡིས་བཤད་རྒྱུར།  དབྱི་ལང་དང་ཨ་མེ་རི་ཁའི་བར་གྱི་བཟོད་སྒོམ་བརྗེད་ཐོར་ཡང་བསྐྱར་གཏོར་བརླག་ཐེབས་ཤིང་། དེས་བཙན་ཤེད་དང་དབང་སྡེམ་རིང་ལུགས། ཀླ་ཀློའི་བྱ་སྤྱོད་བཅས་ཀྱི་ཨ་མེ་རི་ཁའི་འདུ་ཤེས་འཛིན་སྟངས་དང་ལག་ལེན་ཁྲོད་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་ཟེར།

མུའུ་ཅེ་ཐཱ་པ་ཡིས་ནན་གྱིས་བསྟན་དོན།  ཨ་མེ་རི་ཁས་དམག་འཁྲུག་སློང་རྩིས་བྱས་ཚེ་རིན་དོད་སྔར་ལས་ཆེན་པོ་གཏོང་ངེས་པ་དང་། དབྱི་ལང་མི་དམངས་དང་འགོག་རྒོལ་འཐབ་ཕྱོགས་ཀྱིས་ཨ་མེ་རི་ཁར་བརྗེད་དུ་མེད་པའི་བསླབ་བྱ་ཟབ་མོ་སྤྲོད་ངེས་ཡིན་ཟེར།

མུའུ་ཅེ་ཐཱ་པ་ཡིས་གསལ་བསྒྲགས་ནང་བསྐྱར་བསྒྲགས་བྱས་དོན།  དབྱི་ལང་ནང་ཁུལ་གྱིས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཆབ་སྲིད་ཀྱི་འགལ་བ་མེད་པར་བྱས་ཏེ་ཁ་བྲལ་དང་འཁྲུག་རྩོད་མེད་པར་བྱེད་འོས་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།