
པུར་ཀ་རི་ཡཱའི་ཙུང་ལི་ལཱ་ཏི་ཧྥུའུ་ཡིས་ཚེས14ཉིན་བསྟན་དོན། པུར་ཀ་རི་ཡཱ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་དང་བླངས་མནའ་འབྲེལ་ནང་ཞུགས་འདོད་མེད་པར་མ་ཟད། དམག་དོན་གྱི་བྱེད་ཐབས་ལས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་པ་ནན་བཤད་བྱས།
པུར་ཀ་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་རེ་སི་རུ་ཧྥ་རན་སིའི་རྒྱལ་སྟོན་དམག་གཟིགས་བྱ་འགུལ་ལ་ཞུགས་བཞིན་པའི་ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། ཁོར་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གི་གདན་ཞུ་འབྱོར་ཡོད་ཀྱང་། པུར་ཀ་རི་ཡཱ་ཡིས་མནའ་འབྲེལ་དེའི་ནང་མི་ཞུགས་པར་ཐག་བཅད་ཡོད་ཟེར།
ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། ང་ཚོ་ཝུའུ་ཁི་ལན་ལ་ནོར་སྲིད་དང་དམག་དོན་གྱི་རོགས་སྐྱོར་བྱེད་པའི་མནའ་འབྲེལ་དེའི་ནང་ཞུགས་མི་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། མིག་སྔའི་གནད་དོན་གྱི་ཐག་གཅོད་བྱེད་ཐབས་ནི་དམག་དོན་བྱེད་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཀྱི་རྒྱུན་བསྲིངས་པ་མ་ཡིན་པར། སྟོབས་དང་ལྡན་པའི་ཕྱི་འབྲེལ་གྱི་ནུས་པར་བརྟེན་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་དེ་མིན་ཟེར།
དང་བླངས་མནའ་འབྲེལ་ལ་ཧྥ་རན་སི་དང་དབྱིན་ཇི་ཡིས་གཙོ་ཁྲིད་བྱེད་པ་དང་། དམིགས་ཡུལ་ནི་ཝུའུ་ཁི་ལན་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་ཆེད་རེད། མནའ་འབྲེལ་དེས་ཚེས13ཉིན་ཕཱ་རེ་སི་ནས་རྩེ་ཚོགས་བསྡུས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།