
དབྱི་ལང་དབྱི་སི་ལན་གསར་འགྱུར་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གིས་ཉིན་དེར་ཨ་རིའི་དམག་གི་ཁ་ཐར་ཝུའུ་ཏའེ་ཏི་ཡི་མཁའ་དམག་རྟེན་གཞི་ལ་འཕུར་མདེལ་འཕངས་ནས་རྡུང་རྡེག་བཏང་ཞིང་། རྟེན་གཞི་དེའི་འཐབ་འཛིང་གནམ་གྲུའི་ཞིག་གསོ་བདག་སྐྱོང་ལྟེ་གནས་དང་བཀོད་འདོམས་ལྟེ་གནས་ལ་གཏོར་བརླག་བཏང་བ་བསྒྲགས།
བསྒྲགས་པ་ལྟར་ན། གསར་བརྗེ་སྲུང་དམག་རུ་ཁག་གིས་ད་རུང་ཨ་མན་ཏུའུ་ཁོ་མུའུ་གྲུ་ཁ་རུ་ཡོད་པའི་ཨ་རིའི་མ་གྲུའི་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལྟེ་གནས་དང་སྣུམ་སྣོན་ལས་སྟེགས་གཏོར་བརླག་བཏང་བ་རེད།
དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་སྤྱི་པའི་འབྲེལ་བའི་སྡེ་ཁག་གིས་ཉིན་དེའི་སྔ་ཙམ་གྱི་སྐབས་སུ་བཤད་རྒྱུར། གསར་བརྗེ་སྲུང་དམག་རུ་ཁག་གིས་ཨ་རིའི་དམག་གི་ཅོར་ཏན་ན་ཡོད་པའི་མཁའ་དམག་རྟེན་གཞི་ཞིག་ལ་རྡུང་རྡེག་བཏང་བ་དང་། རྟེན་གཞི་དེའི་བཀོད་འདོམས་ཚོད་འཛིན་ལྟེ་གནས་དངMQ-9མི་མེད་གནམ་གྲུའི་མཛོད་ཁང་ལ་གཏོར་བརླག་བཏང་བ་རེད།