ཁཱ་ཐར་གྱིས་རྒྱལ་ཁབ་རང་གི་སྤྱི་དམངས་དག་གིས་མཚོ་ཐོག་གི་བྱ་འགུལ་ཚང་མ་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁཱ་ཐར་འགྲིམ་འགྲུལ་པུའུ་ཡིས་ཚེས12ཉིན་སྤྱི་སྒྲོག་སྤེལ་ཏེ། སྤྱི་དམངས་དག་གིས་ཉིན་དེ་ནས་བཟུང་མཚོ་ཐོག་གི་བྱ་འགུལ་ཚང་མ་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།

སྤྱི་སྒྲོག་ལས་བཤད་རྒྱུར། མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ཡུལ་སྐོར་གྲུ་གཟིངས་དང་ཉ་བདའི་གྲུ་གཟིངས། འཕྲུལ་རྟའི་མྱུར་གྲུ་སོགས་འདུས་པའི་མཚོ་ཐོག་གྲུ་གཟིངས་ཀྱི་བདག་པོ་དང་བེད་སྤྱོད་མཁན་དག་གིས་ཉིན་དེ་ནས་བཟུང་ཡང་བསྐྱར་བརྡ་གཏོང་རག་བར་མཚོ་ཐོག་གི་འབྲེལ་ཡོད་བྱ་འགུལ་ཚང་མ་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།

ཁཱ་ཐར་ནང་སྲིད་པུའུ་ཡིས་ཚེས12ཉིན་བཤད་རྒྱུར། ཉིན་དེར་རྒྱལ་ཁབ་དེས་དབྱི་ལང་གི་འཇབ་རྒོལ་འཕུར་མདའ་བཀག་འགོག་བྱེད་སྐབས་ཐོར་བའི་ཆག་རོ་ལས་མི3ལ་རྨས་ཕོག་ཡོད་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས11ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་གཟའ་འཁོར་དེའི་ནང་སྐོར་ཐེངས་གསུམ་ལ་དབྱི་ལང་ལ་ཆམ་ཕབ་འགུལ་སྐྱོད་སྤེལ་བ་དང་། དབྱི་ལང་གིས་དེའི་རྗེས་སུ་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་དམིགས་འབེན་ལ་ཆམ་ཕབ་རབ་དང་རིམ་པ་སྤེལ་འགོ་བརྩམས་ཡོད་ལ། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་མང་བོས་མཁའ་སྲང་མ་ལག་བེད་སྤྱོད་བྱས་ཏེ་མཁའ་ཟོན་ཉེན་བརྡ་བཏང་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།