
ཧྥི་ལི་ཕིན་སྨྱན་སྦྱོར་གྱི་གསར་འགོད་ལྟར་ན། ཧྥི་ལི་ཕིན་ལྷོ་རྒྱུད་མུན་ལན་ལའོ་གླིང་ཕྲན་གྱི་ས་ལན་ཅ་ནེ་ཞིང་ཆེན་གྱི་གྲོང་སྡེ་ཞིག་ཏུ་ཚེས10ཉིན་གྱི་ནངས་མོར་རི་ཉིལ་ཏེ་མི10རྐྱེན་ལམ་དུ་ཤོར། ཁྱིམ་ཚང་བརྒྱ་ལྷག་ཁ་འགྲེམ་བཏང་།
གསར་འགོད་ལྟར་ན། སྐྱེས་པ་ཞིག་ཞིག་རོའི་ཁྲོད་བསྐྱབས་ནས་སྨན་ཁང་དུ་བསྐྱལ་བ་རེད། སྔར་བཞིན་འཚོལ་སྐྱོབ་བྱེད་ཀྱིན་ཡོད།
ཐོག་མའི་བརྟག་དཔྱད་ལྟར་ན། བསྟུད་མར་དྲག་ཆར་བབས་པ་ནི་ཐེངས་འདིའི་རི་ཉིལ་བའི་རྒྱུ་རྐྱེན་ཁྲོད་ཀྱི་གཅིག་ཡིན་ཤས་ཆེ། དེ་ལས་གཞན། མུན་ལན་ལའོ་གླིང་ཕྲན་གྱི་མཐའ་འཁོར་མཚོ་ཁོངས་སུ་ཟླ6པའི་ཚེས8ཉིན་ས་ཡོམ་ཚད་རིམ7.8བྱུང་ནས། ས་ལན་ཅ་ནེ་ཞིང་ཆེན་དུ་གནོད་འཚེ་ཚབས་ཆེན་ཐེབས། ས་ཡོམ་གྱིས་བྲག་རིར་གཏོར་བཤིག་བཏང་བའང་རི་ཉིལ་བའི་རྒྱུ་རྐྱེན་ཡིན་ཤས་ཆེ།