
འཇར་མན་ནད་ཡམས་ཚོད་འཛིན་ལས་ཁུངས་ཀྱི་ལོ་པོ་ཐི.ཁི་ཧི་ཞིབ་འཇུག་ཁང་གིས་ཚེས9ཉིན་བཤད་རྒྱུར། ཚོད་དཔག་བྱས་པ་ལྟར་ན་འཇར་མན་དུ་ཟླ6པར་ཧ་ལམ་མི5100ཚ་བ་ཆེ་བའི་རྒྱུ་རྐྱེན་ལས་ཚེ་ལས་འདས་ཤིང་། དེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་མང་ཆེ་ཤོས་ནི་རྒན་པ་ཡིན་པ་རེད།
གྲངས་ཀ་འདི2023ལོ་ནས2025ལོའི་འཇར་མན་གྱི་ལོ་རེར་ཆ་སྙོམས་ཀྱི་ཚ་བ་ཆེ་བ་རྐྱེན་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ལས་ཧ་ཅང་མང་བ་སྟེ། ཧ་ལམ་མི2900ཡིན།
ཟླ6པའི་ཚེས24ཉིན། འཇར་མན་ཏུའུ་དབྱི་སི་པའོ་རུ་ཕུག་རོན་གྱིས་གྱེན་འཕྱུར་ཆུ་མིག་འགྲམ་དུ་ངལ་གསོ་བཞིན་ཡོད།
ཟླ6པར་ཚ་བ་ཆེ་བ་རྐྱེན་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་ཁྲོད། མང་ཆེ་ཤོས་ནི་ཚེས22ཉིན་ནས་ཚེས28ཉིན་གྱི་གཟའ་འཁོར་གཅིག་རིང་ཡིན། མི4310ལ་སླེབས། གཟའ་འཁོར་དེའི་རིང་ནི་ཚ་རླབས་ཐེངས་འདིའི་ཆེས་ཚ་བ་ཆེ་བའི་དུས་ཡིན། ས་ཁུལ་ཁ་ཤས་ཀྱི་ཆ་སྙོམས་དྲོད་ཚད་ཏུའུ40ཡན་བརྒལ།
འཇར་མན་གསར་འགྱུར་ཁང་གི་གསར་འགོད་ལྟར་ན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྡོམ་རྩིས་ཅུས་ཀྱི་གཞི་གྲངས་ལྟར་ན། ཟླ6པའི་ཚེས22ཉིན་ནས་ཚེས28ཉིན་གྱི་གཟའ་འཁོར་དེར། འཇར་མན་དུ་ཚད་བརྒལ་རྐྱེན་ལམ་དུ་ཤོར་བའི་མི་གྲངས6800ལ་སླེབས། ལས་ཁུངས་གཉིས་ཀྱིས་སྡོམ་རྩིས་བྱེད་སྟངས་མི་འདྲ་བ་སྤྱད་པས། སྡོམ་རྩིས་གྲངས་ཀར་བར་ཁྱད་ཡོད།
ལོ་པོ་ཐི.ཁི་ཧི་ཞིབ་འཇུག་ཁང་གིས་བཤད་རྒྱུར། ལོ65ཡན་གྱི་རྐྱེན་ལམ་དུ་ཤོར་མཁན་མང་ཆེ་ཤོས་ཡིན་ཏེ། མི4800ལས་བརྒལ། དེའི་ཁྲོད་མི2950ཙམ་གྱི་ལོ་ཚོད་ཕལ་ཆེར་ལོ85ཡན་རེད།
འཇར་མན་གནམ་གཤིས་ཅུས་ཀྱིས་བཤད་རྒྱུར། ད་ལོའི་ཟླ6པ་ནི་འཇར་མན་དུ་ཟིན་ཐོ་བཀོད་པའི་ཚུན་གྱི་ཚ་བ་ཆེ་ཐེངས་གཉིས་པའི་ཟླ6པ་རེད། 2019ལོ་ཡི་མན་ཏག་ཏག་རེད། དེའི་ཁྲོད་ཚེས26ཉིན་ནས་ཚེས28ཉིན་གྱི་བསྟུད་མར་ཉིན་གསུམ་རིང་གི་ཚ་བ་ཆེ་བས་ཟིན་ཐོ་བཏོད་དེ། ཆེས་ཚ་བ་ཆེ་དུས་ཏུའུ41.7ལ་སླེབས་པ་རེད།